འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འགྲོ་མགོན་འཕགས་པ་རིན་པོ་ཆེའི་རྣམ་ཐར་བཀླག་པའི་ཟིན་ཐོ།

འདེམ་ཤོག 0

འགྲོ་མགོན་འཕགས་པ་རིན་པོ་ཆེའི་རྣམ་ཐར་བཀླག་པའི་ཟིན་ཐོ།
                                 

  འབྲི་བ་པོ     དུད་ཁ་དོང་སྤྲུག


ཧོར་ཡུལ་ནས་མཆེད་པའི་དྲག་པོའི་དཔུང་གིས་གངས་དཀར་ཅན་པར་མངའ་དབང་བསྒྱུར་དུས་སུ་དམ་པ་ཁུ་ཚན་གཉིས་ནས་རྨད་བྱུང་མཐུ་སྟོབས་བཟང་པོའི་ཐབས་དང་ཤེས་རབ་ལ་བཅོལ་ནས་ཧོར་དམག་དཔུང་ཚོགས་ཞི་བས་བསམ་བློའི་ཁ་བསྒྱུར་ཞིང་། ཞི་བསིལ་རང་དབང་བླངས་ནས་བོད་ཀྱི་རྒྱལ་ཁམས་བདེ་ལ་བཀོད་པའི་ཞི་བདེ་ཡི་སྐྱབས་མགོན། ཆོས་སྲིད་གཉིས་ཀྱི་བདག་པོ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་མཆོག་གིས་འདས་ཚིགས་འདི་ལ་མི་མཐུན་པའི་རྩོད་ཉོག་སྤེལ་བཞིན་ཡོད་པ་མཐོང་དུས་ཁོ་བོས་ཀྱང་དཔྱད་པ་ཞིག་བྱེད་འདོད་པས་གཞུང་ཚོགས་དུ་མ་ཞིག་མྱུར་མྱུར་བལྟས་པ་ཡིན།  བཞེད་པར་མི་འདྲ་བ་ཁག་གཉིས་བྱུང་འདུག    སྡེ་དགེའི་པར་མ་སོགས་ཡིག་རྙིང་ཁག་དུ་མ་ཞིག་ལ་ཞིབ་བལྟ་བྱེད་དགོས་པ་སྣང་ཡང་ཐུབ་མ་སོང་བས་དགོངས་དག་ཞུ།
༡༽ཀུན་མཁྱེན་གོ་རམས་པའི་བཀའ་འབུམ་རྫོང་སར་སྤྱི་དེབ་དང་།   རྫོང་སར་ནས་ཞུ་དག་བྱས་པའི་ལམ་འབྲས་ཀྱི་ཡིག་ཆར་འཁོད་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་འཕགས་པ་རིན་པོ་ཆེའི་རྣམ་ཐར་དང་། རྫོང་སར་ལོ་ཐོ་དག་ལས་བོད་ཟླ་བཅུ་པའི་ཚེས་བཅོ་བརྒྱད་བར་ཚོགས་སུ་བྱོན་ཞིང་ཆོས་ཀྱང་གསུངས་ལ།  བཅོ་བརྒྱད་དང་བཅུ་དགུ་ཉི་ཤུ་གཅིག་དག་ལ་གཟིམས་ཁང་དུ་བཞུགས།   ཉེར་གཉིས་པའི་སྔ་རོལ་དུ་མཆོད་པའི་ཚོགས་རྒྱ་ཆེན་པོ་ཤོམ་གསུངས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས་པ་གསུངས་པ་འདི་ཡིན་ལ།
༢༽གཞན་ཞིག་ལ་ས་སྐྱ་པའི་ལོ་རྒྱུས་ཚད་ལྡན་གདུང་རབས་ངོ་མཚར་བང་མཛོད་དང་། དཔལ་ས་སྐྱའི་ལྷ་ཁང་ཆོས་སྤྱོད་ཆེན་མོ་དང་། གདོང་ཐོག་པས་མཛད་པའི་ས་སྐྱའི་ཆོས་འབྱུང་དག་ལས་བོད་ཟླ་༡༡ཚེས་༢༢ཉིན་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་འདས་མཆོད་དུ་ངོས་འཛིན་བཞིན་ཡོད་དེ། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་བར་ཚོགས་སུ་བྱོན་ཞིང་ཆོས་ཀྱང་གསུངས་ལ།  བཅོ་བརྒྱད་དང་བཅུ་དགུ་ཉི་ཤུ་གཅིག་དག་ལ་གཟིམས་ཁང་དུ་བཞུགས།   ཉེར་གཉིས་པའི་སྔ་རོལ་དུ་མཆོད་པའི་ཚོགས་རྒྱ་ཆེན་པོ་ཤོམ་གསུངས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས་པ་གསུངས།  ཧོར་ཡུལ་གྱི་འཕགས་པའི་དངོས་སློབ་གཅིག་གིས་ཀྱང་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ལ་སྐུ་གཤེགས་པ་གསུངས་འདུག    ཨ་མེས་རིན་པོ་ཆེས་མཛད་པའི་རྣམ་ཐར་ལས་སྨལ་ཟླ་བའི་ཚེས་ཉེར་གཉིས་སུ་སིལ་སྙན་གྱི་སྒྲ་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་གསལ་བོར་འཁོད་ཡོད་པ་ལ་ལྟོས་ན་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ལ་ཡིན་པ་འདྲ་སྣང་།  རྒྱ་ནག་གི་ལོ་རྒྱུས་དང་གུང་བསྒྲིག་ན་ཁྲིན་ཆིན་དབྱིན་གྱིས་བརྩམས་པའི་ཆོས་རྒྱལ་འཕགས་པའི་མཛད་རྣམ་ལས་༼元.至元十七年(公元1280年)农历十一月二十二日,示现涅槃,享年46岁(1235年—1280年༽འདི་འདྲ་འཁོད་འདུག་ཅིང་།  དེང་དུས་ས་ཕྱོགས་པ་ཕལ་ཆེ་བས་འདི་བཞིན་དུ་བྱེད་བཞིན་ཡོད་ལ་འདི་ལ་རྒྱབ་བརྟེན་མང་ཆེ་བ་འདྲའོ། འདི་ལ་ཁོ་བོས་དཔྱད་དུ་ཡོད་པ་ཞིག་ལ་དུས་ནམ་ཞིག་ལ་ཆད་སོང་མིན་མི་ཤེས་མོད་ཀུན་མཁྱེན་གྱིས་མཛད་པའི་རྣམ་ཐར་དང་ལམ་འབྲས་ལས་བོད་ཟླ་བཅུ་གཅིག་པ་ཞེས་པའི་གཅིག་དེ་ཆད་སོང་ན་སྙམ་པའི་དོགས་པ་ཞིག་སྐྱེས་བྱུང་ངོ་།།   སྤྱི་ནས་ལོ་རྒྱུས་ཟེར་བ་འདི་དགེ་ཆོས་ཀྱིས་གསུངས་པ་བཞིན་ཐག་ཆོད་པོ་ཞིག་ཤེས་དགོས་ཚེ་དེ་དུས་རང་ཉིད་ཡོད་ན་མ་གཏོགས་ཤེས་དཀའ་མོ་རེད།   འོན་ཀྱང་དངོས་སློབ་དག་གིས་གསུངས་པ་དེར་དག་ལ་ཡིད་ཆེས་ཆེ་ཤོས་བྱེད་ན་འོས་ཤིང་།   མཐོང་བ་བརྒྱུད་པའི་འདས་མཆོད་ལས་དཔག་དགོས་པས་ས་སྐྱ་གོང་དུ་བརྒྱུད་པ་བར་མ་ཆད་པའི་འདས་མཆོད་བོད་ཟླ་བཅུ་གཅིག་པ་ལ་འཚོགས་བཞིན་ཡོད་པས་འདི་ལས་འདའ་ས་མེད་སྙམ།   གང་ལྟར་ཁོ་བོས་རྒྱ་གར་གྱི་མ་ཧ་གན་དྷི་ལྟ་བུའི་བོད་ཀྱི་བླ་ཆེན་གྱི་མི་བོ་ཆེ་དེ་ལ་རྗེས་དྲན་ཁྲི་མ་འབུམ་ཞིག་བྱེད་རྒྱུ་ཡིན།   ཁྱེད་ཀྱི་རྣམ་ཐར་དང་གསུང་རྩོམ་རྣམས་མཇལ་བཞིན་རྗེས་དྲན་ཞུ།   སྙིང་སྟོབས་དང་ཤེས་རབ་དེ་འཚོལ་བཞིན་རྗེས་དྲན་ཞུ་རིགས་པའི་དཔའ་བོ་ལགས།


 

ཆེས་གསར་བའི་དྲི་བ། ཟླ 1 9 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...