འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བོད་པ་སྡེབ་འཚོང་ཁང་ལས་འཕྲོས་པ།

འདེམ་ཤོག 0

བོད་པ་སྡེབ་འཚོང་ཁང་ལས་འཕྲོས་པ།
                      འབྲི་བ་པོ།  དུད་ཁ་དོང་སྤྲུག

དམའ་རིམ་གྱི་སྐྱེ་བོ་མཐོ་རིམ་ལ་རིམ་གྱིས་བགྲོད་དགོས་པའི་ཡར་སྐུལ་ རང་བཞིན་ཅན་གྱི་འདུ་ཤེས་ལྡན་ཚེ་ང་ཚོ་མཐོ་སྙེགས་ཀྱི་རེ་བ་ཡོད།   དང་ཐོག་མཐོ་ས་ལ་ཡོད་དགོས་པ་ལས་དམའ་རིམ་ནས་ཆས་དགོས་པའི་འདུ་ཤེས་མེད་ཚེ་རྗེས་ལུགས་ཟེར་བ་དེ་རང་མགོ་རང་གྱོན་རེད།


ཉེ་བའི་ལོ་རབས་ཁ་ཤས་ཀྱི་ནང་དུ་ང་ཚོ་བོད་ལ་བོད་ཡིག་དག་ཆ་ལ་དོ་སྣང་བྱེད་པའི་ཤེས་ཡོན་པ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་ལ། དེ་ནི་དངོས་གནས་དགའ་འོས་པ་ཞིག་ཡིན་ཡང་ཟུར་གཞན་ཞིག་ནས་བལྟས་ཚེ་དེ་ལ་སྐྱོན་ཆ་ཞིག་ཀྱང་ངང་གིས་འཕེལ་འོང་བ་ཞིག་སྟེ།    
༡༽ དང་ཐོག་བོད་པས་ཁ་པར་ནང་བོད་ཡིག་སྤྱོད་རྒྱུ་ཡོད་པར་གྱུར་དུས།     དྲྭ་ལམ་ན་བོད་ཡིག་མང་པོ་ཞིག་ཐོན་འོང་བཞིན་འདུག   འོན་ཀྱང་ཤེས་ཡོན་པའི་སྡེས་ཡིག་ནོར་དོ་སྣང་བྱེད་དྲག་པས་མི་མང་པོས་བེད་སྤྱོད་བྱེད་མི་ཕོད་པ་གྱུར་སོང་བ་མཐོང་བ་མངོན་འགྱུར་རེད། དེ་ཕྱིར་ཡིག་ནོར་ལ་སྐྱོན་བརྗོད་པ་ནི་བོད་ཡིག་འབྲི་བའི་གོམ་པ་དང་པོ་དེ་འགོག་པ་དང་།  མི་མང་པོ་ཞིག་བོད་ཡིག་དང་ཁ་ཐག་རིང་བཅུག་པ་འདྲ་ཞིག་དངོས་པོ་ཆགས་འགྲོ་བཞིན་འདུག  །རང་རིགས་མང་པོ་ཞིག་གིས་མི་རིགས་གཞན་པའི་སྐད་ཡིག་ལས་བོད་ཡིག་བེད་མི་སྤྱད་པའི་ཚད་ལ་སླེབས་དུས། བོད་ཡིག་དག་མ་འབྲི་ཤེས་ན་ཨང་དང་པོ་རེད།   མ་དག་ཀྱང་རང་སྐད་རང་ཡིག་བཀོལ་སྤྱོད་བྱེད་པ་དང་། སྤྱོད་སེམས་ཡོད་པ་དེ་ལ་གུས་འདུད་ཞུ་འོས་པ་ཞིག་ཡིན་ཏེ་ནོར་སྐྱོན་ཡོད་རུང་མ་མཐའ་བོད་ཡིག་རེད། གལ་སྲིད་མི་རིགས་གཞན་པའི་ཡི་གེ་མ་གཏོགས་བོད་ཡིག་གཏན་ནས་བྲིས་མེད་ན་སྨད་ར་འདི་འདྲ་བྱེད་རྒྱུ་ཕར་ཞོག་ཡིད་སྨོན་ཞིག་ཤོར་ན་ཐང་། ཡིད་སྨོན་མ་ཤོར་རུང་ཁྱེད་ཚོས་ཅི་ཡང་བཤད་སྲིད་རྒྱུ་མ་རེད།    སྤྱིར་འཛམ་གླིང་ན་སྐད་གྲགས་ཅན་གྱི་མིང་ཚིག་གང་ཡིན་ཡང་རིམ་བཞིན་དག་བཅོས་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་པས་དག་ཆ་མེད་པའི་སྤུན་ཟླ་ཚོས་ཀྱང་རིམ་བཞིན་འཇུག་དགོས་པས་མ་དག་པ་ལས་མི་འབྲི་བ་དེ་ངོ་ཚ་ཆེ་བ་བརྩིས་ནས་བོད་ཡིག་འབྲི་བའི་འབོད་སྐུལ་ཞུ་བཞིན་ཡིན། བོད་པ་ཚོ་ལ་གོམས་གཤིས་འདི་གང་ནས་བྱུང་བ་མ་ཤེས་མོད་མཐོ་ས་ན་མ་སླེབས་པས་དམའ་རིམ་ལ་གནས་པའི་ལས་དང་པོ་པ་རིམ་གྱིས་འཇུག་པའི་ཡར་སྐུལ་རང་བཞིན་ཅན་ལ་སྐྱོན་བརྗོད་བྱས་ནས་དང་ཐོག་ནས་མཐོ་ས་སླེབས་བསླེབ་དགོས་པ་འདྲ་བཤད་བཞིན་འདུག །ཡར་སྐུལ་རང་བཞིན་ཅན་གྱིས་ནང་ཆོས་ལྟ་བུ་དར་ཡོད་ས་ཞིག་ནས་འདི་འདྲ་བྱེད་འོང་དུས་ཡིད་སྐྱོ་ཚད་མེད་སྐྱེ་དགོས་པ་ཞིག་རེད།  ང་ཚོ་ལས་དང་པོ་བ་ལ་སྐྱོན་ཧ་ཅང་མང་པས།   སྐྱོན་ཅན་ཁོ་རང་གི་དང་ལེན་མེད་ན།   ནམ་རྒྱུན་ཉིད་ཀྱིས་སྐྱོན་ལ་མཛུབ་མོ་མ་བསྒྲེངས་མ་གཏོགས།  ཁོར་ཡུག་གསོན་པོ་ཞིག་ལ་གད་ཆགས་ཤོར་སྲིད།          
༢༽ད་རེས་ཤེས་ཡོན་པའི་སྡེ་ཚན་གྱིས་ཧ་ཅང་རང་མཚང་ཕྱི་ལ་སྟོན་འདུག་སྟེ། བོད་པ་སྡེབ་འཚོང་ཁང་ཟེར་བ་ལ་དཔྱད་ཚེ་ཁ་ཅིག་ཡིན་ཡིན་ཅོག་ཅོག་གིས་༼བློ་གཟུ་བོས་བཤད་ན་གནད་དོན་འདི་ནི་བརྡ་སྤྲོད་ཀྱི་གནད་དོན་ཁོ་ན་ཞིག་སྟེ་འབྲེལ་སྒྲ་འཇོག་སྟངས་ཙམ་མ་གཏོགས་བོད་པ་བཙོང་བ་དང་བོད་མོ་བཀྲུ་བའི་དོན་དངོས་དེ་མ་ཡིན་ནོ། གནད་དོན་འདི་འདྲ་ཧ་ཅང་མང་སྟེ་ཨ་མདོ་བརྗན་འཕྲིན་དང་ཁམས་པའི་བརྙན་འཕྲིན་ལྟ་བུ༽ཞེས་བཤད་བཞིན་འདུག   །ངས་འདི་ནས་གང་ན་འབྲེལ་སྒྲ་འཇོག་དགོས་འདུག་ཅེས་པའི་དྲི་བ་ཞིག་ཤོར་སོང་།  བོད་པ་སྡེབ་འཚོང་ཁང་ཟེར་བ་འདི་ལ་མཚོན་ན་ཚོང་ཁང་དེའི་མིང་ཡིན་པས་འབྲེལ་སྒྲ་བྲི་མི་རུང་བ་ཞིག་སྟེ། བོད་པའི་སྡེབ་འཚོང་ཁང་ཟེར་ན་ཚིག་ལས་མིང་མི་འགྱུར་ལ།  བོད་པ་སྡེབ་འཚོང་ཁང་མིང་རང་མཚན་པ་ཞིག་གནས་ཐུབ་པས་མིང་ཚིག་སོ་སོར་འབྱེད་ཤེས་པའི་ཡོན་ཏན་ཞིག་མཐོང་རྒྱུ་ཡོད་པ་ལས་སྐྱོན་ཆེན་པོ་མ་མཐོང་།  སྔོན་དུས་ཡིན་ན་ས་སྐྱ་ལེགས་བཤད།   དགེ་ལྡན་ལེགས་བཤད་སོགས་ལ་ས་སྐྱའི་ལེགས་བཤད།   དགེ་ལྡན་པའི་ལེགས་བཤད་མི་ཟེར་ཞིང་།  ས་སྐྱ་པཎྜི་ཏ་དང་། ཙོང་ཁ་པ་བློ་བཟང་གྲགས་པ།  ཀློང་ཆེན་པ་དྲི་མེད་འོད་ཟེར་ཞུ་བ་ལས་ས་སྐྱའི་པཎྜིཏ་དང་། ཙོང་ཁའི་བློ་བཟང་གྲགས་པ། ཀློང་ཆེན་པའི་དྲི་མེད་འོད་ཟེར་མི་ཞུ་དོན་མིང་ཡིན་གྱི་ཚིག་མ་ཡིན་པས་རེད། དེ་བས་དངོས་པོ་གང་དང་གང་གི་མིང་ལ་འབྲེལ་སྒྲ་བྲིས་ན་དེ་ཡིག་ནོར་ཡིན་ངེས་པས་བོད་པ་སྡེབ་འཚོང་ཟེར་བ་འདི་ལ་འབྲེལ་སྒྲ་སྦྱོར་དགོས་འདུག་ཟེར་ན་རང་ཉིད་མིང་ཚིག་ལ་རྨོངས་པའི་རྟགས་དེ་ལས་ཆེ་བ་མེད་པ་ཞིག་སྟོན་པ་རེད་སྙམ།   མི་དམངས་པར་ཁང་། མི་དམངས་སྨན་ཁང་ཞེས་པ་སོགས་ལའང་རིགས་བསྒྲེ་ན་གསལ་འདུག   ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་མིང་དང་།    མིང་དུ་མ་འདུས་པས་དོན་གྱི་ཁྱད་པ་སྟོན་པ་ལ་ཚིག་ཏུ་བཞག་བཞིན་དུ་བསྟན་པའི་རྒྱལ་མཚན།    ལྷ་སའི་མགྲོན་ཁང་། ཁམས་པའི་ཇ་ཁང་སོགས་ལ་མིང་དུ་འདོད་པ་དེ་མགོ་ཉོག་པའི་རྒྱུ་ལས་མི་འདུག་སྟེ།   མིང་ཚིག་སོ་སོར་ཕྱེ་མི་ཤེས་པ་ཆུ་དང་འོ་མ་བཞིན་དུ་འདྲེས་འགྲོ་བཞིན་ཡོད་པས་སོ།།   མཁས་པ་ཁས་ང་ཚོས་བསྒྱུར་དཀའ་བ་ནི་སྒོ་བྱང་སྟེང་གི་ཡིག་ནོར་རེ་འགའ་དེ་མ་རེད།  རང་སྐྱོན་སྦས་ནས་གཞན་སྐྱོན་གླེང་རྒྱུ་དགའ་བ་དེ་རེད།  གསུང་འདུག་པ་ནི་ངོ་མ་གདམས་ངག་ཚད་དང་ལྡན་པ་ཞིག་ཏུ་མཐོང་ཡང་། གསལ་བཤད་གཅིག་གི་ཆེད་དུ་རང་མཚང་རྗེན་པ་སྟོན་བཞག་ན་སྤྱི་ཚོགས་སློབ་གྲྭ་མང་པོ་ཞིག་གིས་འབྲེལ་བྱེད་སྒྲ་དང་། ཕྲད་རྣམ་དབྱེ་ནོར་ཚབས་ཆེ་ལ། མིང་ཚོགས་དག་མོ་འདྲ་འབྲི་བཞིན་འདུག   གྲྭ་པ་ཚོ་དེ་ལྡོག་ནས་མིང་ཚོགས་ལ་རྨོངས་ཤིང་ཚིག་ཚོགས་ལ་ཡག་པོ་ཡོད་པ་འདུག་གང་ལྟར་ཡང་འཐུས་སྒོ་ཚང་བ་ནི་ཧ་ཅང་ཉུང་ཉུང་རེད།  ང་ཡང་མིང་ཚིག་ལ་རྨོངས་པའི་ཆར་གཏོགས་ངེས་ཡིན། འོན་ཀྱང་བསམ་དཀར་རྒན་མོའི་ངག་འདི་ཐལ་སོང་།  བོད་པ་སྡེབ་འཚོང་ཁང་ཞུ་བ་འདི་དོན་ལོག་པ་ཞིག་གོ་ངེས་ཅན་རེད་ལ་གསལ་བཤད་མི་དགོས་པ་འདྲ། པེ་ཅིན་ཚོང་ཁང་ཞེས་པ་དང་མཚུངས་ཀྱང་མི་ལ་ཐ་སྙད་འཇགས་སྟངས་ཤིག་གིས་དོན་ལོག་གོ་འགྲོ། མིང་དོན་གོ་བདེ་བ་ཞིག་བྲི་བསམ་ན་དཔེར་ན་བོད་ཟས་སྡེབ་འཚོང་ཁང་།    བོད་ཆས་སྡེབ་ཚང་ཁང་ལྟ་བུ་ཟེར་ན་མིང་གོ་བདེ་བ་བརྗོད་བདེ་བ་ཞིག་རེད།   བོད་མོ་སྐམ་ཁྲུད་ཁང་ཟེར་ན་བོད་མོ་ཚོ་གཙང་སྦྲ་བྱེད་མཁན་ཉུང་བས་ཆུ་ལེན་མ་མོས་ན་སྐམ་ཁྲུད་བྱེད་བཞག་ཟེར་བ་ལྟ་བུ་ཆགས་འགྲོ་རེད་དུས་དོན་ལོག་པ་ཞིག་གོ་འགྲོ་འདུག   །ཕྲད་ནོར་འདུག་ཟེར་རྒྱུ་ཡོད་མ་རེད། གྱོན་ཆས་སྐམ་ཁྲུད་ཁང་མི་ཟེར་ནས་བོད་མོ་སྐམ་ཁྲུད་ཟེར་བ་འདིས་ཁྱེད་བོད་ལ་དུང་བ་ཡོད་པ་ཞིག་མཚོན་འདུག་པས་འཇུག་ཏུ་བོད་ཡིག་བྲིས་ཡོད་པས་ཁྱེད་ལ་རྒྱབ་སྐྱོར་ཡོད།     བཀའ་དྲིན་ཆེ།


 

ཆེས་གསར་བའི་དྲི་བ། ཟླ 1 13 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...