འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་གིས་རང་ལུས་གཅེས་སྤྲས།

འདེམ་ཤོག 0

ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་གིས་རང་ལུས་གཅེས་སྤྲས།

             བསོད་ཐར་གྱིས་བསྒྱུར།

ཧྥན་ཞན་ནི་ཅིན་རྒྱལ་རབས་ཀྱི་དུས་སྐབས་སུ་འཁྲུངས་བའི་མཁས་པ་གྲགས་ཆེན་ཞིག་ཡིན།     ཁོ་རང་ཆུང་དུས་ནས་རྣམ་རིག་ཧ་ཅང་བཀྲ་ཞིང་གཞན་སེམས་དང་བསྟུན་མཁས་ཅན་གྱི་བྱིས་པ་ཡ་རབ་ཅིག་ཡིན།ལྷག་ཏུ་ཕ་མ་གཉིས་ལ་སྲི་ཞུ་དང་བརྩི་འཇོག་ཆེ་བའི་བྱིས་པ་བཟང་བོ་ཞིག་ཀྱང་ཡིན།

ཁོ་རང་ལོ་ན་བརྒྱད་ཀྱི་དུས་སུ་ཐེངས་གཅིག་ཨ་མ་དང་མཉམ་དུ་ཁོང་ཚང་གི་ལྟག་རྒྱབ་ར་བསྐོར་དུ་སྔོ་ཚལ་བྲེག་སར་སོང་།   སྐབས་དེར་སྔོ་ཚལ་མ་བྲེག་པའི་སྔོན་དུ་ཨ་མས་ཁོ་ལ་ནན་ནན་ཏིག་ཏིག་ངང་གསུང་རྒྱུ།  ཁྱེད་རང་གིས་སྔོ་ཚལ་འབྲེག་དུས་སུ་ཡིན་གཅིག་མིན་གཉིས་གཟབ་གཟབ་བྱེད་ནས་བྲེག་དགོས།གྲི་ཆུང་འདིས་ལག་མཛུབ་ལ་རྨས་སྐྱོན་ཕོག་མི་རུང་ཞེས་ཨ་མས་ཡང་ཡང་གསུང་།
སྤྱི་ན་ཧྥན་ཞན་གྱིས་སྐབས་དུས་དེར་གཟབ་ནན་བྱས་མོད།     འོན་ཀྱང་སྐབས་ཐོག་དེར་སེམས་པ་ཅུང་གཡེང་སོང་བའི་རྐྱེན་གྱིས་སྟབས་མ་ལེགས་པས་མཛུབ་མོའི་སྟེང་ལ་གྲི་ཤོར་ནས་རྨས་སྐྱོན་ཕོགཁོས་སྲན་མ་ཁྱོག་པའི་ངང“ཨ་ཨ”ཞེས་སྐད་ཆེན་པོ་བྱས་ཏེ་ངུས།ཨ་མས་ངུ་སྐད་དེ་ཐོས་མ་ཐག་ལས་ཀའི་མཚམས་བཞག་སྟེ་མྱུར་མོ་ཁོའི་ཕྱོགས་སུ་ཡོང་ནས་སྐྱོ་སྣང་དང་ཤ་ཚའི་ངང་འདྲི་རྒྱུ།   ཨ་མའི་གཅེས་ཕྲུགཁྱེད་ཀྱི་མཛུབ་མོར་ཚ་ན་ཡོད་དམ།  ག་རེ་མགྱོགས་པ་ཨ་མ་ལ་གཅིག་སྟོན་དང་ཞེས་བཤད།    ཧྥན་ཞན་གྱིས་མགོ་བོ་ཅུང་གཡུག་གཡུག་བྱས་ནས་དགོད་ཤོར་ཞོར་དུ་ཨ་མ་ལ་ཟེར་ནས་ང་ལ་རྨིས་སྐྱོན་འདི་ཙམ་གྱིས་ཅི་ཡང་མི་སྐྱོན་ཞེས་བཤད།
ངས་ང་རང་གི་མཛུབ་མོ་ལ་རྨ་བྱས་རྗེས་ཚ་ན་མ་ཐེག་ནས་ང་རང་ངུས་པ་མིན།   ཡིན་ན་ཡང་ངའི་ལུས་པོ་འདི་དྲིན་ཆེན་ཕ་མ་གཉིས་ཀྱིས་དཀའ་སྡུག་དུ་མ་ཞིག་ཁུར་ནས་ང་ལ་གནང་བ་རེད།
ངས་རང་ག་གཅེས་སྤྲས་མི་བྱེད་པ་གནོད་སྐྱོན་ཕོག་བཅུག་ན་མི་འགྲིག    མ་ཟད་ཕ་མ་དྲིན་ཆེན་གཉིས་ལ་སེམས་ཁུར་གཏད་འགྲོ་བས་ལྷག་ཏུ་དེ་ལྟར་བྱེད་ན་མི་འདོད།   
 འོན་ཀྱང་།  ད་ལྟ་ང་རང་གི་ལག་པའི་སྲིན་མཛུབ་ལ་རྨས་སྐྱོན་ཕོག་སོང་།   ང་རང་སྐྲག་ས་ཞིག་ཡོད་པ་ནི་ཨ་མ་ཁྱེད་ཉིད་ཀྱིས་སེམས་སྡུག་བྱེད་ངེས་ཅན་རེད།  དེའི་ཕྱིར་ངས་ཨ་མ་ལ་སྡུག་གཏད་སོང་བས་ང་རང་གི་སེམས་ནས་མ་བཟོད་པས་ངུ་ཅོར་ཆེན་པོ་བཏབ་པ་ཡིན་ཞེས་ངུ་ལབ་དང་བཅས་ཨ་མ་ལ་བཤད།ལོ་ན་བརྒྱད་ཅན་གྱི་ཧྥན་ཞན་གྱིས་སྐད་ཆ་དེ་དག་ཨ་མས་ཉན་རྗེས་ཨ་མས་རང་གི་བྱིས་པ་ལ་སེམས་འགུལ་ཐེབས་ཏེ་རང་དབང་མེད་པར་ངུ་ཞོར་དགོད་ཞོར་ངང་ཧྥན་ཞན་ལ་བལྟས་པས་ཧྥན་ཞན་གྱིས་ཨ་མའི་མགུལ་ལ་དམ་དམ་འཁྱུད་ནས་དྲིན་ཆེན་གྱི་ཨ་མ་ལགས།  ད་མ་ངུ་ཞེས་བཤད།

              
                        གུས་ལུགས་སྐོར་ཀྱི་བསྟན་བཅོས་ཤིག་ལས་དྲངས།


 

ཆེས་གསར་བའི་དྲི་བ། ཟླ 1 20 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...