འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།ཀ་རྩོམ་སྐྱེས་མའི་རྣ་རྒྱན།

འདེམ་ཤོག 0

༄༅།།ཀ་རྩོམ་སྐྱེས་མའི་རྣ་རྒྱན།                                      

དུང་དཀར་ཡོན་ཏན་རྒྱ་མཚོ།                            

ཀ་ར་བུ་རམ་སྦྲང་དཀར་རྩམ་པ་སོགས།།  
ཁ་ལ་ཐོན་ན་དུག་བཞིན་འཛེམ་པ་དང་།།  
ག་དུས་བོད་ལྭ་རིག་ན་ཡིད་སུན་པའི།།   
ང་ཚོ་བོད་པའི་བུ་མོ་མང་རབས་གདའ།།                                       

ཅ་ཅོས་ཉི་མ་སྟོང་ལ་བྲེལ་ཞིང་རྔམ།།  
ཆ་ལུགས་ཡ་མ་ཟུང་ལ་གོམ་ཞིང་རྒྱུག།  
ཇ་ཡུན་ཙམ་ལའང་ཁྱིམ་ནས་མི་ཚུགས་པའི།།   
ཉ་ཡི་གཤིས་ཏེ་ཀུན་ལ་ཡོད་རབས་གདའ།།                                         

ཏ་ཡིག་ཙམ་ཡང་མི་ཤེས་ངོ་ཚ་མེད།།  
ཐ་མ་གང་ཡིན་མི་རྟོགས་རྒྱ་ཡིག་འབྲི།།  
ད་དུས་བུད་མེད་འདྲ་མཉམ་ཡིན་དགོས་ཟེར།།   
ན་དུས་སུ་ལ་བརྟེན་དགོས་ཤེས་པར་གྱིས།།                                            

པ་ཕ་བ་མ་བསླབ་ན་ཁྲེལ་དགོད་བྱེད།།    
ཕ་ཚ་བུ་རབས་མི་བསམ་ཁ་པར་གཅེས།།  
བ་རེ་བེ་རེས་ཉི་མ་འཁྱོལ་ཐབས་བྱས།།  
མ་དང་རིགས་ཀྱི་འདུ་ཤེས་རླུང་ལ་སྐུར།།                                 

ཙ་ར་མི་བྱེད་སྐད་ཡིག་ཕང་མེད་དོར།།  
ཚ་གདུག་ཅུང་ཙམ་མི་སྲོན་དཀའ་ལས་སྤངས།།   
ཛ་རེ་ཛོ་རེ་རྒྱ་ཡི་ཆ་ལུགས་བྱེད།།  
ཝ་མོ་ཟེར་དུས་ད་དུང་མཆིལ་ཞགས་འཕེན།།                                                   

ཞ་ར་ཞ་བོ་ཡིན་ན་ཁག་མི་འདུག།  
ཟ་ངེ་ཟིང་ངེ་ཡིན་ན་སྐྱོན་མི་འདུག།   
འ་ཅག་བོད་མོ་ཚོད་ཚད་ག་ལ་ཡིན།།  
ཡ་ཐོད་མིག་འཁྲུལ་མིན་ན་ཕལ་ཆེར་རེད།།                                                

ར་མ་ལུག་ལ་དགའ་ནས་ཤི་ལ་ཁད།།  
ལ་ལུང་ངེས་མེད་འཁྱམས་ནས་ཁུར་ལ་ཁད།།  
ཤ་ཁྲག་རུས་པ་བརྗེད་ནས་སྨྱོ་ལ་ཁད།།  
ས་མཐོའི་མཛངས་མ་ཟེར་ན་ག་འདྲ་འདུག།                                            

ཧ་ཅང་སྙན་པའི་གཏམ་ལ་མགོ་འཁོར་ནས།།  
ཨ་མ་གྲ་དག་ཅིག་གི་འགན་བོར་ནས།།  
ཧ་ནེ་ཧོན་ནེའི་ངང་ནས་ཤི་སོང་ན།།  
ཨ་ཙི་འདི་འདྲའི་ངོ་ཚ་གང་ན་གདའ།།                    

༼མཆན༽             

གདའ---ཡོད་པའམ་གནས་པ་འདུག་པ་སོགས་ཀྱི་དོན།     ཇ་ཡུན་ཙམ---ཇའམ་བཟའ་གཏུང་ཐེངས་གཅིག་སྤྱོད་པའི་ཡུན་ཚད།                
ཙ་ར---རྩད་གཅོད་པ་སྟེ།  འཚོལ་བ་དང་རྗེས་སྙེགས་པ་རྒྱུ་མཚན་འདྲི་བ་སོགས་ཀྱི་དོན།                      
ཛ་རེ་ཛོ་རེ---བྱ་སྤྱོད་དང་ཆས་དངོས་ཚུལ་མིན་གྱི་དོན།                                        ཧ་ནེ་ཧོན་ནེ---རྒས་པའམ་རྒྱུ་རྐྱེན་གཞན་ལ་རྟེན་ནས་དྲན་པ་མི་གསལ་བར་གྱུར་བའི་དོན།          
ཨ་ཙི---ཧ་ལས་པ་དང་འཇིགས་དངངས་སྐྱེ་བ་སོགས་བརྗོད་པའི་ཚིག        ༢༠༡༧-༡༡-༨


 

ཆེས་གསར་བའི་དྲི་བ། ཟླ 1 20 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...