འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

"རྗེས་སྙེག"སློབ་མ།

འདེམ་ཤོག 0

"རྗེས་སྙེག"སློབ་མ།
ཨ་བདེ་ཆེན།
དེང་གི་ཆར་ས་སྒང་རིལ་མོའི་སྟེང་གི་ཆབ་དཔལ་རིག་གསུམ་གྱི་འཕེལ་རྒྱས་མྱུར་ཞིང་འཚོ་གནས་ཀྱི་འགྲན་རྩོད་རྒོད་པ་དང་། སྤྱི་ཚོགས་ལས་རིགས་ཁག་ཏུ་དུས་དང་རྣམ་པ་ཀུན་ཏུ་དངོས་ཤུགས་གང་རུང་ནས་འགྱུར་བ་བླ་ལྷག་གི་བྱུང་དང་འབྱུང་མུས་སུ་མཆིས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ནའང་རྒྱལ་ཁབ་དང་མི་རིགས་མི་ཉམས་གོང་འཕེལ་དང་ཡར་རྒྱས་ཀྱི་རྩ་བ་ནི་སློབ་གསོ་ལ་རག་ལས་པ་བསྙོན་དུ་མེད། དེ་བས། སློབ་གསོ་ནི་དར་རྒུད་ཐམས་ཅད་ཀྱི་རྩ་བ་ཡིན་ཅེས་བཤད་ཆོག སློབ་གསོ་ལ་སྤྱི་ཚོགས་སློབ་གསོ་དང་། དགོན་སྡེའི་སློབ་གསོ། སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ་སོགས་སྡེ་ཚན་དང་རྣམ་པ་བྱེད་ལས་སོགས་མང་དུ་མཆིས་མོད། དེ་དག་རེ་རེ་ནས་འཆད་པར་རྔོ་མི་ཐོགས་པས། ལུས་ཚོད་ཀྱི་གོས་དང་། རང་ཚོད་ཀྱི་གཏམ་ཟེར་བ་ནང་བཞིན་འདིར་སློབ་གྲྭའི་སློབ་གསོ་ལས"རྗེས་སྙེག"སློབ་མའི་སྐོར་རགས་ཙམ་གླེང་བར་འདོད།

ལར་རྩོམ་བྱང་དུ"རྗེས་སྙེག"ལས"རྗེས་ལུས"ཞེས་བྲིས་པ་ཡིན་ན་ཐུན་མོང་གི་བློ་ངོར་བདེ་ཞིང་སེམས་ངོར་འབྱོར་བ་ཞིག་ཡིན་སྲིད་མོད། འོན་ཀྱང་ང་རང་ལ་མཚོན་ན"རྗེས་ལུས"ལས"རྗེས་སྙེག"ནི་གསོན་ཤུགས་དང་རེ་བ། ཡིད་ཆེས་ཀྱིས་གཏམས་པའི་ཐ་སྙད་ཅིག་ཏུ་བསམ་སོང་བས་མིང་དེ་ལྟར་དུ་བཏགས་པ་ལགས། 

སློབ་གྲྭའི་སློབ་གསོའི་དཀྱིལ་སྙིང་དང་སྲོག་ཤིང་། གཟུངས་བཞུགས་ནི་སློབ་མ་ཡིན་ལ། སློབ་གྲྭ་གང་དེའི་སློབ་མ་དག་གི་ལུས་ངག་ཡིད་གསུམ་ཀྱི་སྦྱོར་བ་ལས་སློབ་གྲྭ་དེ་གའི་གོང་འོག་བར་གསུམ་དང་ཕྱི་ནང་གསང་གསུམ་མ་ལུས་པ་གབ་པ་དང་སྦས་པ། གསང་རྒྱ་ཇི་ལྟར་བྱས་རུང་ལག་མཐིལ་གྱི་སྐྱུ་རུ་ར་ནང་བཞིན་ཕྱི་གསལ་ནང་གསལ་དུ་མཐོང་ནུས་པ་དང་། སློབ་མ་རེ་རེ་ནི་སློབ་གྲྭ་དེ་གའི་ངོ་གདོང་རེ་རེ་ཡིན་ལ། སློབ་མ་ནི་སློབ་གྲྭའི་གཟུགས་བརྙན་འཆར་ནུས་པའི་དྭངས་གསལ་གྱི་མེ་ལོང་ཡིན། སློབ་གྲྭ་ནི་འཛིན་གྲྭ་མང་པོ་འདུས་པ་ལས་གྲུབ་པའི་ཚོགས་སྤྱི་ཞིག་ཡིན་པས། གོང་གསལ་ནང་བཞིན་འཛིན་གྲྭ་དེ་གའི་སློབ་མ་རེ་རེའི་ཤེས་ནུས་འཇོན་གསུམ་གྱིས་འཛིན་གྲྭ་དེ་གའི་ཕྱི་ནང་གསང་གསུམ་མཚོན་ནུས། སློབ་གྲོགས་རེ་གཉིས་ཤིག་གི་ཤེས་ནུས་འཇོན་གསུམ་དང་མི་ཆོས་ཀུན་སྤྱོད་ཀྱིས་འཛིན་གྲྭ་ཞིག་གི་ཤེས་ནུས་འཇོན་གསུམ་དང་མི་ཆོས་ཀུན་སྤྱོད་མཚོན་མི་ཐུབ་ལ། འཛིན་གྲྭ་རེ་གཉིས་ཤིག་གིས་སློབ་གྲྭ་ཞིག་མཚོན་ག་ལ་ཐུབ། འདི་ལྟར་དཔེ་དང་བཅས་ཏེ་བརྗོད་པའི་རྒྱུ་མཚན་ནི། ང་ཚོས་རྣམ་ཀུན་རང་རྒྱལ་གྱི་མིང་དུ་གྲགས་པའི་སྔོན་འགྲོ་སློབ་གསོའི་ཆེད་མཁས་པ་ཁྲིན་ཧུ་ཆིན་ལགས་ཀྱི"ཡོད་ཚད་སློབ་མའི་ཆེད་དང་། སློབ་མ་ཡོད་ཚད་ཀྱི་ཆེད། སློབ་མའི་ཡོད་ཚད་ཀྱི་ཆེད"ཅེས་པའི་ལེགས་བཤད་དེ་ཁ་ནས་སྒྲོག་བཞིན་ལག་ནས་བོར་བཞིན་འདུག་ལ། ལེགས་བཤད་དེ་ཁ་ནས་བཤད་བཞིན་ལག་ནས་བོར་བས་ད་གཟོད་དགེ་རྒན་དག་གིས་དུས་རྒྱུན་མཐོང་ན་སྙིང་ན་ཤིང་ཐོས་ན་མགོ་གཟེར་བའི"རྗེས་སྙེག"སློབ་མ་ཅེས་པའི་ཁྱད་པར་

ཅན་གྱི་ཚོགས་སྤྱི་ཞིག་འཁྲུངས་སོང་བ་རེད། ལོ་སོས"དགེ་རྒན་གྱི་བརྩེ་བ་དང་བྲལ་བའི་གནས་སུ་མི་གཤིས་ཡིན་ནའང་འདྲ། ཤེས་རབ་ཡིན་ནའང་འདྲ། ཚང་མ་འཐུས་ཚང་དང་ཡང་ན་རང་དབང་གི་སྒོ་ནས་འདོན་སྤྲོད་བྱེད་མི་ཐུབ"དང་"བརྩེ་བ་མེད་ན་ཡང་དག་གི་སློབ་གསོ་མེད"ཅེས་གསུངས་པ་ནང་བཞིན། སློབ་མའི་ཡོད་ཚད་དང་སློབ་མ་ཡོད་ཚད་ལ་གདོང་གཏོད་པ་དང་བརྩེ་བ་རྣལ་མ་ཞིག་སྦྱིན་མ་ཐུབ་པས། ཡ་ང་ཞིང་སེམས་སྐྱོ་བའི"རྗེས་སྙེག"སློབ་མའི་ཐད་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་མི་བུ་ཡ་རབས་ཞིག་སྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་མོད། མང་མང་གི་མིག་ལམ་དུ་སྐར་འབྲས་ཁོ་ན་ཅུང་ལེགས་པའི་སློབ་མ་སྐོར་ཞིག་མ་གཏོགས་གཞན་དག་ཚང་མ"རྗེས་སྙེག"གི་གྲལ་དུ་བརྫངས་དང་རྫོང་བཞིན་འདུག མིའི་དབང་བོ་རབ་འབྲིང་ཐ་གསུམ་ཡོད་པས་བསླབ་འབྲས་རབ་འབྲིང་ཐ་གསུམ་འབྱུང་སྲིད་པ་ཆོས་ཉིད་རེད། ཆོས་ཉིད་ལ་བརྩི་མཐོང་བྱེད་བཞིན་"རྗེས་སྙེག"སློབ་མ་དེ་ཡང་ལྷག་བསམ་དང་བརྩེ་བ་ཡིས་མ་དོར་བ་ཞིག་ཡིན་ཚེ་དེ་དག་ཁྱོད་ཀྱི་ངོ་ཐང་སྲུང་ནུས་པའི་རྒྱུགས་སྐར་གྱི་འཕྲུལ་ཆས་སུ་མི་འགྱུར་རུང་། ཕན་ཚུན་མཐོང་དུས་མགོ་བོ་ན་ཞིང་སྙིང་གཟེར་བའི་སྤྱོད་པ་ཡ་མ་བརླ་ཅན་ཞིག་ཏུ་འགྱུར་བའི་ངེས་པ་ག་ལ་ཡོད། སློབ་གཙོ་ཧོ་མོ་ཀྲན་གྱིས"བྱིས་པ་དེ་ང་ལ་སྤྲོད་རོགས། ཁོ་སློབ་སྦྱོང་ལ་ཞན་ནའང་། མི་ཚེ་གང་བོར་མི་བྱེད་དགོས"ཅེས་དགེ་རྒན་གྱི་མིག་ནང་གི"རྗེས་སྙེག"སློབ་མ་ཧི་ཡོང་ཧྲིན་ཁོས་ཐུགས་ཁུར་དང་བརྩེ་སེམས་ལ་ བརྟེན་ནས་སློབ་མ་ཡ་རབས་ཞིག་ཏུ་གྱུར། དེ་རིང་གི"སློབ་གསོས"སྐྱེད་པའི་"རྗེས་སྙེག"སློབ་མ་རེ་རེ་ནི་སང་ཉིན་བྱིས་པ་ཞིག་གི་ཨ་ཕ་དང་། ཁྱིམ་ཚང་ཞིག་གི་བདག་པོ་དང་སྤྱི་ཚོགས་ཀྱི་འབངས་མི་ཡིན། མི་རིགས་དང་རྒྱལ་ཁབ། ཁྱིམ་ཚང་གི་འཕེལ་རྒྱས་མ་འོངས་པའི་བྱིས་པ་དག་ལ་རག་ལས་པས། བདེ་ཐང་གི་སློབ་གསོའི་ཉི་ཟེར་རེག་མ་ཐུབ་པའི"རྗེས་སྙེག"སློབ་མ་དེ་དག་མ་འོངས་པར་ཁྱིམ་སྲིད་དང་བུ་ཕྲུག་ལེགས་པོར་སྐྱོང་མཁན་གྱི་འབངས་མི་གང་རུང་ཞིག་ཏུ་འགྱུར་བའི་གདེང་ཚོད་སུ་ལ་ཡོད་དམ། སྐུ་ཞབས་ལུའུ་ཞུན་གྱིས"བྱིས་པ་སྐྱོབ་རོགས"ཅེས་པའི་ཁ་གཡང་དེ་ཡང་རྒྱུ་མཚན་མེད་པའི་འབོད་སྐུལ་ཅིག་ག་ལ་ཡིན། དེ་བས།འདིར་ཁྱིམ་ཚང་དང་ས་གནས། མི་རིགས་དང་མེས་རྒྱལ་གྱི་ཆེད་དུ་"རྗེས་སྙེག"སློབ་མ་སྐྱོབ་རོགས་ཅེས་ཡང་ཡང་ཞུའོ།།


 

ཆེས་གསར་བའི་དྲི་བ། ཟླ 1 24 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...