འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སི་ཏུ་པཎ་ཆེན་གྱི་གསུང་མགུར།

འདེམ་ཤོག 0

སི་ཏུ་པཎ་ཆེན་གྱི་གསུང་མགུར།


 ན་མཿཤྲཱི་གུ་ར་ཝེ།
སྐྱབས་འཁོར་ལོའི་མགོན་པོ་ཀརྨ་པ། །
རྒྱལ་ཀུན་ལས་ལྷག་པའི་འདྲེན་པ་ཁྱོད། །
བདག་དཀོར་ཟན་དྲེད་པོ་ཁྱུ་གཅིག་ལ། །
དུས་ད་ཙམ་གཟིགས་པའི་སྐབས་ཡོད་དམ། །
སྙིགས་མ་ལས་སྙིགས་མར་གྱུར་པའི་དུས། །
ངེད་འཁོར་བ་རྣམས་ཀྱི་སྤྱོད་ཚུལ་འདི། །
ཁྱེད་བཀའ་བརྒྱུད་རྣམས་ཀྱིས་དགོངས་སྲིད་ན། །
ལས་ངན་གྱི་གཡང་ལས་མི་སྲུང་པར། །
ཐུགས་རྗེ་ཆེ་ཞེས་རྫུན་དུ་གདའ། །
དགོས་སུ་སྙིགས་མའི་སྤྱོད་པ་ལ་སྙིང་པོ་མེད། །
ཁྱད་པར་ཚུལ་འཆོས་ཀྱི་ཆོས་པ་ལ་སྙིང་པོ་མེད། །
ཡང་སྒོས་ཟོབ་རྐྱལ་གྱི་བླ་མ་ལ་སྙིང་པོ་མེད། །
ངས་སྔོན་ཆད་སྙིང་པོར་བཟུང་བས་བསླུས། །
ཁྱེད་རྣམས་ཀྱིས་ཀྱང་སྙིང་པོར་བཟུང་བ་འཁྲུལ། །
དུས་དེང་སང་གི་འདུལ་བ་འཛིན་པ་རྣམས། །
འབྲས་སྤུངས་དམ་འབག་པའི་ཁ་དཔེ་ལྟར། །
ཆབ་ལེན་དང་ལྷམ་ཕུད་བྱིན་ལེན་སོགས། །
སྲོག་ལྟར་གཅེས་པའི་གཡོ་རྫུན་གྱིས། །
ཕམ་པ་བཞི་འཇོལ་ཉོག་ཏུ་སྤྱོད་པ་བསྒྲིབས། །
བསྒྲིབས་ཆེས་པས་གཞན་མགོ་གདུགས་ལྟར་འཁོར། །
འཁོར་ཆེས་པས་དེ་འདྲ་ལ་སྐྱབས་སུ་མཆི། །
རྗེ་ཤཱཀྱའི་དབང་པོ་ཁྱེད་བདེན་ན། །
ལས་དེ་འདྲའི་ཐ་མ་ཅི་ཞིག་འགྱུར། །
དུས་དེང་སང་གི་བྱང་ཆུབ་སེམས་དཔའ་འགའ། །
མི་དྲག་ཞན་ཐམས་ཅད་འཛུམ་གྱིས་བསུ། །
སྟོབས་འབྱོར་ཅན་ཐམས་ཅད་ཆས་ཀས་བརྔན། །
ཁོང་སྲན་ཅན་ཐམས་ཅད་གཡོ་སྒྱུས་འདུལ། །
དགའ་སྡུག་དང་ཆགས་སྡང་མེད་དོ་སྐད། །
ཕྱོགས་མེད་ཀྱི་མཆོད་སྦྱིན་བྱེད་དོ་སྐད། །
སྐད་དེ་འདྲའི་སྐད་རྒྱང་ཆེ་དྲགས་པས། །
མི་ཤེས་ཤེས་བརྫུ་བྱེད་པ་དང་གཅིག །
མ་གྲུབ་གྲུབ་བརྫུ་བྱེད་པ་དང་གཉིས། །
བློ་ཕུགས་ནོར་ལ་གཏད་པ་དང་གསུམ། །
གཞོགས་སློང་ཐོབ་འཇལ་བྱེད་པ་དང་བཞི། །
ཆགས་སྡང་མེ་ལྟར་འབར་བ་དང་ལྔ། །
ཧྲིལ་གྱིས་གཡོགས་ནས་སྦས་པ་དེ། །
མི་གྲུང་པོ་རྣམས་ཀྱིས་ཀྱང་མ་མཐོང་བར། །
ཟང་ཟིང་གི་ལྕགས་ཀྱུས་ཡིད་དྲངས་པས། །
སྒོ་གསུམ་ཐལ་བར་བརླགས་ལུགས་ཀྱིས། །
རྗེ་ཤཱཀྱའི་དབང་པོ་ཁྱེད་བདེན་ན། །
ལས་འདི་འདྲའི་ཐ་མ་ཅི་ཞིག་འགྱུར། །
དུས་དེང་སང་གི་གསང་སྔགས་འཛིན་པ་འགའ། །
དབང་བསྐུར་འཆད་ཉན་བྱེད་དོ་སྐད། །
བསྙེན་སྒྲུབ་བཅད་རྒྱ་བྱས་སོ་སྐད། །
རླུང་ནུས་གྲུབ་རྟགས་ཐོན་ནོ་སྐད། །
རྟོགས་པ་ནམ་མཁའ་དང་མཉམ་མོ་སྐད། །
བསྟན་འགྲོའི་དོན་ཆེན་འགྲུབ་བོ་སྐད། །
སྐད་དེ་འདྲའི་སྐད་རྒྱང་ཆེ་དྲགས་པས། །
གཞན་བསླུ་མཁན་ཡིན་པར་འཕྲིགས་མ་ཚུད། །
བསྐྱེད་རྫོགས་ཀྱི་གནད་གསང་མི་ཤེས་བཞིན། །
ལ་ལས་བསྐྱེད་རིམ་བསྐྱེད་རིམ་ཟེར། །
ལ་ལས་རྫོགས་རིམ་རྫོགས་རིམ་ཟེར། །
བསྐྱེད་རྫོགས་གཉིས་ལ་རྩོད་པ་ཤོར། །
དོན་མེད་དུ་དམྱལ་བའི་ས་བོན་ཐེབས། །
སྨིན་པ་དང་གྲོལ་ཚུལ་མི་ཤེས་པའམ། །
ཤེས་ཀྱང་དུ་ཆོས་ལ་དབང་ཟ་བས། །
མིག་ཚུམ་ཚུམ་དྲིལ་བུ་སིལ་སིལ་དང་། །
ནས་ཐོར་ཐོར་ཞལ་ལྕེ་བདེ་བདེ་ཡིས། །
བློ་གཤར་རྒྱུགས་སྤྲོད་ཀྱི་དབང་ཁྲིད་བྱས། །
གློ་བུར་དུ་དམ་ཉམས་ཁྱུ་གཅིག་བཟོས། །
ཞེན་ལོག་དང་ངེས་འབྱུང་མོས་གུས་རྣམས། །
རྒྱང་རིང་དུ་དོར་ནས་རྩ་རླུང་དང་། །
སྟོང་པ་ཉིད་ལ་སྦར་འཛིན་བྱས། །
དགེ་མེད་སྡིག་མེད་ཀྱི་ ལྟ་བ་རྟོགས། །
རྩ་ལྟུང་བཅུ་བཞིའི་དངོས་གྲུབ་ཐོབ། །
བྱི་ཕྲུག་མང་པོའི་གྲུབ་རྟགས་ཐོན། །
བསྟན་པ་གཅིག་ལ་མང་པོར་ཕྱེས། །
རང་ཕྱོགས་བསྲུང་བར་བྱ་བའམ། །
གཞན་ཕྱོགས་འཇོམས་པར་བྱ་བའི་ཕྱིར། །
སྡིག་པ་ལ་ཚམ་ཚོམ་མེད་པར་འཇུག །
བསྟན་ཆུས་ཀྱི་བསྟན་བཤིགས་དེ་རུ་བྱུང་། །
ན་དོགས་ཤི་དོགས་ཀྱི་རང་དོན་དང་། །
སོ་བསོད་ལྐོག་ཉལ་གྱི་མཚམས་སྒྲུབ་བྱས། །
ཆགས་སྡང་རྨོངས་གསུམ་གྱི་འདུན་མ་ལ། །
ཡིད་བཟླས་དང་ཏིང་འཛིན་དུས་གཅིག་གྲུབ། །
རྗེ་ཤཱཀྱའི་དབང་པོ་ཁྱེད་བདེན་ན། །
ལས་འདི་འདྲའི་ཐ་མ་ཅི་ཞིག་འགྱུར། །
ལར་བསམ་བཞིན་དུ་ཀརྨའི་བཀའ་བརྒྱུད་དྲན། །
བསམ་བཞིན་དུ་མཚུངས་མེད་ཆོས་རྗེ་དྲན། །
བདག་བྱིས་པ་ཆུང་ངུའི་དུས་ནས་ཀྱང་། །
ཚུལ་དེ་འདྲ་ལ་ཡིད་སྨོན་མ་བྱས་ཤིང་། །
ཚེ་བློས་བཏང་གི་སྒྲུབ་པ་ལ་ཡིད་སྨོན་ཀྱང་། །
སྙིགས་དུས་ཀྱི་གཞན་དབང་བཟློག་དཀའ་བས། །
བསམ་པ་བཞིན་ཐོག་ཏུ་མ་ཁེལ་མོད། །
དེ་སྣ་ཐག་རང་གི་མགོར་དཀྲི་བའི། །
རང་ཐག་རང་གིས་མ་ཆོད་ཕྱིར། །
རང་ཉིད་རུལ་བ་མ་གཏོགས་པ། །
ལེ་ལན་གཞན་ལ་མི་འདེད་དོ། །
ད་ཚེ་ཡི་ལྷག་མ་ཅི་ཡོད་ལ། །
བླ་མ་དཀོན་མཆོག་ལ་བློ་བཀལ་བའི། །
ཅི་ཡོང་གང་ཡོང་སྒུག་པ་ལས། །
གཏན་ཆུས་ཀྱི་གྲབས་ཡུལ་མི་འདིང་ངོ་། །
ལར་སྣང་བ་སྒྱུ་མ་ལྟ་བུ་ལ། །
སེམས་རྩ་བྲལ་གྱིས་གཉེར་ཁ་མ་ཤོར་བས། །
བློ་ཨ་འཐས་ཀྱི་མདུད་པ་མི་དམ་པ། །
འདི་བཀའ་བརྒྱུད་རྣམས་ཀྱི་བྱིན་རླབས་ཡིན། །
དངོས་བསྟན་འགྲོའི་དོན་ཆེན་མ་གྲུབ་ཀྱང་། །
ལས་དགེ་བ་ཅུང་ཟད་བསགས་པ་ཀུན། །
བསྟན་འགྲོ་ལ་ཕན་ཕྱིར་བསྔོ་སྨོན་བགྱིད། །
འདི་ཁ་ཙམ་ཚིག་ཙམ་མ་ཡིན་པས། །
རྗེ་རྒྱལ་བ་རྣམས་ཀྱིས་དགོངས་སམ་སྙམ། །
འཁོར་ཟོག་པོ་འདུས་པའི་ཁྱུ་ནང་དུ། །
རྫུན་རྒྱབ་རྫུན་གྱིས་སྐྱོར་བཞིན་དུ། །
ཟོལ་ཟོག་གི་ཕྲེང་བ་མ་སྤེལ་བས། །
འཕྲལ་གཡེང་གི་ལྟད་མོར་མི་ཆེ་ནའང་། །
ལས་ངན་གྱི་ཁུར་བོ་ཅུང་ཟད་ཡང་། །
ཚུལ་འདི་ཡང་བླ་མ་རྗེ་ཡི་དྲིན། །
སྤྱིར་གནས་ལུགས་ཀྱི་དོན་ལ་བློ་ཕྱོགས་པས། །
བདེན་གཉིས་ཀྱི་གནས་ཚུལ་ཅུང་ཟད་ཤེས། །
ཤེས་རྐྱང་གིས་འཚེངས་པར་མི་འདུག་པས།།
ད་ཉམས་སུ་ལོངས་ཤིག་སི་ཏུ་པ།།


 

ཆེས་གསར་བའི་དྲི་བ། ཟླ 1 28 རིགས་གྲས།:མཁས་པའི་གསུངས་རྩོམ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,493 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...