འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཕ་ཡུལ་གྱི་གནད་དོན་གླེང་ན།

འདེམ་ཤོག 0

ཕ་ཡུལ་གྱི་གནད་དོན་གླེང་ན།

      མྱི་རྐང་།


དོན་དམ་གཏམ་གྱི་འོ་དྲི་མ་ཡལ་ཞིང་།།
ཕྱོགས་ཞེན་ཚིག་གིས་དྲན་འཕྲུལ་མ་བསྐོར་བའི།།
གནས་ལུགས་དོན་ལ་ཁེན་པའི་ངག་གི་བརྡ།།
ཕ་ཡུལ་གྲྭ་གྲོང་གཉིས་ཀའི་སྙན་དུ་ཕུལ།།

དགོན་པ་ཟེར་བ་ཆོས་ཀྱི་དབེན་གནས་རེད།།
རང་རྒྱུད་གཞན་རྒྱུད་གདུལ་སའི་ཞིང་ཁམས་རེད།།
ཡིན་ཡང་ང་ཚོའི་དགོན་དང་དགོན་པ་དག།
འགྲན་སེམས་དུག་གིས་གཟེར་བའི་གནད་འདི་ཅི།།
 
བླ་མ་ཟེར་བ་ཆོས་ཀྱི་ལམ་སྟོན་རེད།།
འཁོར་འབངས་བདེ་ལ་འགོད་པའི་དེད་དཔོན་རེད།།
ཡིན་ཡང་ང་ཚོའི་བླ་སྤྲུལ་མཁན་པོ་འགས།།
ཕྲག་དོག་ར་རི་རྩོད་ཁ་འཇུག་དོན་ཅི།།

གྲྭ་བ་ཟེར་བ་རྒྱལ་བའི་རྗེས་འཇུག་རེད།།
རྣམ་དཀར་ཆོས་ཀྱི་སྙིང་པོ་འཚོལ་མཁན་རེད།།
ཡིན་ཡང་ང་ཚོའི་དམར་སེར་ངུར་སྨྲིག་པ།།
ཁ་མཆུའི་སྣ་འདྲེན་ཡིན་པའི་གནད་འདི་ཅི།།

ལས་བྱེད་ཟེར་བ་འབངས་ཀྱི་ལག་རོགས་རེེད།།
སྐྱིད་སྡུག་གཉིས་ཀའི་རྒྱབ་ཡ་དཔུང་ཡ་རེད།།
ཡིན་ཡང་ང་ཚོའི་གཞུང་ཞབས་མི་སྣ་རྣམས།
གཞུང་གི་ཁུར་བོ་ཡིན་པའི་གནད་འདི་ཅི།།

སྡེ་དཔོན་ཟེར་བ་འཚོ་བའི་འཐུས་ཚབ་ཡིན།།
འཚོ་བ་འཁྱག་ལྟོག་ཅི་བྱུང་ལྟ་ནི་རེད།།
ཡིན་ཡང་ང་ཚོའི་དཔོན་དང་དཔོན་པོ་ཚོས།།
རང་དོན་ཁོ་ནར་འདུར་བའི་གནད་འདི་ཅི།།

སློབ་མ་ཟེར་བ་རིགས་ཀྱི་སྲོག་ཤིང་རེད།།
རིགས་ཀྱི་བདེ་སྡུག་ཁུར་དང་་གླེང་ནི་རེད།།
ཡིན་ཡང་ང་ཚོའི་སློབ་ཆེན་སློབ་མ་ཚོས།།
ཡུལ་འདིའི་བདེ་སྡུག་རླུང་ལ་སྤུར་དོན་ཅི།།

མང་ཚོགས་ཟེར་བ་སྡེ་འདི་འགྲུབ་བྱེད་རེད།།
ཕན་ཚུན་བརྟེན་ནས་འཚོ་བ་སྐྱེལ་རོགས་རེད།།
ཡིན་ཡང་སྡེ་འདིའི་ཕུ་ནུ་མིང་སྲིང་ཚོར།།
མི་མཐུན་རྩོད་གཞི་མང་བའི་གནད་འདི་ཅི།།

ཚེ་སྲོག་ཟེར་བ་རིན་ཆེན་རྙེད་མེད་རེད།།
སྐྱེ་འགྲོ་ཀུན་ལ་དམར་པའི་ཆོས་གཅིག་རེད།།
ཡིན་ཡང་ང་ཚོའི་རིགས་གཅིག་སྤུན་ཟླ་ཡིས།།
ཚེ་སྲོག་རིན་ཐང་བོར་བའི་གནད་འདི་ཅི།།

མཐུན་སྒྲིལ་ཟེར་བ་རིགས་ཀྱི་གཞི་རྩ་རེད།།
ཆོས་དང་འཇིག་རྟེན་གཉིས་ཀའི་གཞུང་ལམ་རེད།།
ཡིན་ཡང་ཡུལ་འདིའི་དགོན་དང་སྡེ་གཉིས་ཆར།།
ནང་འཁྲུག་གཡུལ་འགྱེད་མང་བའི་གནད་འདི་ཅི།།

འདི་ལྟར་དྲན་པའི་རྙི་ལ་ཚུད་པ་ཡི།།
གནད་དོན་ཚིག་གི་ཕྲེང་ལ་བསྟར་བ་འདི།།
ཡུལ་འདིའི་མི་དང་ཤེས་ཆེན་དཔྱོད་ལྡན་ཚོར།།
བསམ་གཞིག་རྣལ་དུ་ཕབ་པའི་དོད་དུ་བྲིས།།

              ཞེས་པ་2017/12/5ཉིན་ཕ་ཡུལ་གྱི་བདེ་སྡུག་ལ་བསམ་གཞིག་བྱེད་བཞིན་དུ་ཕ་ཡུལ་ལ་ཡིག་འབྲུ་འགའ་བྲིས་པ།


 

ཆེས་གསར་བའི་དྲི་བ། ཟླ 1 29 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 3,993 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...