འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

མིང་གི་འབོད་ཚུལ་ལ་ཅུང་ཙམ་གླེང་བ།

འདེམ་ཤོག 0

མིང་གི་འབོད་ཚུལ་ལ་ཅུང་ཙམ་གླེང་བ།

དང་པོ། བོད་མིས་བོད་ལྭ་ཞེས་བརྗོད་པ།
འབོད་ཚུལ་འདི་དུས་ནམ་ཞིག་ནས་རང་མི་རིགས་ཀྱི་སྤྱི་ཚོགས་སུ་ནད་ཡམས་བཞིན་ཁྱབ་ཡོང་བ་མི་གསལ།འོན་ཀྱང་ད་སྐབས་སྤྱི་ཚོགས་ཡོངས་སུ་དར་ཁྱབ་ཧ་ཅང་གི་ཆེན་པོ་འདུག ཕལ་ཆེར་རྒན་དར་གཞོན་གསུམ་གྱི་ཁ་ན་མ་དག་རྒྱུན་འབྱམས་སུ་མཆིས། འདིའི་ཕྱོགས་ནས་ཁུངས་ལུང་བཙུན་པ་ཞིག་བརྗོད་བསམ་ཡང་། ད་སྔ་འདིའི་ཕྱོགས་ན་དཔྱད་རྩོམ་དང་རྒྱུ་ཆ་ཕལ་ཆེར་མེད་པ་འདྲ། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་བཤད་སྲོལ་ཡོད་ནའང་། རང་ནུས་ཅི་ཡོད་ཀྱིས་ཡར་མར་ཚང་མར་འདིའི་ཕྱོགས་ནས་རྒྱུ་ཆ་རེ་ཡོད་མེད་ལ་རྔུལ་ཆུ་བཞུར་མྱོང་། སེམས་ཕངས་པ་ཞིག་ལ་རྔུལ་ཆུ་ཡོད་ཚད་ས་ལ་འཐིམས་སོང་། བོད་ལྭ་ཞེས་བརྗོད་ན་སྤྱིར་འབོད་ཚུལ་ཚད་མ་ཞིག་ཡིན་ཡང་།   མིང་དེ་འབོད་མཁན་གྱི་གང་ཟག་གི་ངོས་ནས་བརྗོད་ན། བརྗོད་སྟངས་སམ་འབོད་ཚུལ་ཚད་མ་ཡིན་མིན་གཉིས་མཆིས་ཏེ། འབོད་པ་པོ་གང་ཟག་དེ་རྒྱ་མི་རིགས་སམ་སོག་པོ་མི་རིགས།ཡང་ན་ཕྱི་གླིང་བ་ཞིག་རང་མི་རིགས་དང་ཤ་ཁྲག་གི་འབྲེལ་བ་མེད་པ་ཞིག་གི་སྟེང་ནས་བརྗོད་ན་འབོད་ཚུལ་འདི་སྤྱི་མཚན་པ་ཞིག་ཏུ་ཆགས། འོན་ཀྱང་མི་རིགས་དང་ཤ་ཁྲག་བོད་ལ་འབྲེལ་ཡོད་པའི་བོད་མི་རྣལ་མ་ཞིག་གི་ངོས་ཐད་ནས་བརྗོད་ན་འབོད་ཚུལ་འདི་ཚད་མ་ཞིག་ཏུ་ཆགས་མེད།
       སྤྱི་ཡོངས་ནས་བརྗོད་ན་མི་རིགས་རང་གི་ལྭ་བ་འདི་བཟོ་བྱེད་ཀྱི་རྒྱུ་ཆ་ནི་འདྲ་བའི་སྟེང་ནས་རེ་རེ་ལ་མིང་ཚད་མ་རེ་མཆིས།ལུག་གི་པགས་པ་ལས་བཟོས་པ་ལྭ་བ་ལ་སློག་པ་ཟེར། ལུ་གུའི་པགས་པ་ལས་བཟོས་ལའི་ལྭ་བ་ཚ་རུ་ཟེར།རས་ཀྱིས་བཟོ་པའི་ལྭ་བ་ལ་རས་ཚར་ཞེས་རེ་རེ་ལ་མིང་ཚད་མ་རེ་བཏགས་ཡོད་པ་རེད། འོན་ཀྱང་། དེང་སྐབས་སྤྱི་ཡོངས་ཀྱིས་བོད་ལྭ་ཞེས་མིང་གིས་བོས་ནས་ཁྱབ་གདལ་ཏུ་སོང་འདུག  རང་ཉིད་བོད་ལ་ཞིག་ཡིན་བཞིན་དུ་ད་དུང་བོད་ལྭ་ཞེས་མིང་བོས་ན་ཚད་མ་བ་ཞིག་ཡིན་ནམ།  དེ་ན་འགྲོ་བ་མི་ཚང་མ་མི་ཡིན་བཞིན་ཏུ་མི་ཕོ་དང་མི་མོ་ཞེས་བོས་ན་འབོད་སྟངས་ཚད་མ་བ་ཞིག་ཡིན་ནམ། དེའི་ཕྱིར་ང་ཚོ་བོད་མི་རིགས་ཤིག་ཡིན་བཞིན་ཏུ་བོད་ལྭ་ཞེས་མི་འབོད་པར།བྱ་བྲེག་གི་མིང་ཡོད་པའི་སྟེང་ནས་དེ་དག་བཀོལ་སྤྱོད་བྱེད་ན་ལེགས།
གཉིས་པ། བོད་མིའི་བོད་སྐད་བོད་ཡིག་ཅེས་བརྗོད་པ།
འདི་ཡང་གོང་གི་ནང་བཞིན་བོད་མི་ཞིག་ཡིན་བཞིན་ཕ་ཡིག་ཕ་སྐད་ལ་བོད་ཡིག་དང་བོད་སྐད་ཅེས་བརྗོད་ན་ཚད་མ་བ་ཞིག་མི་འདུག  དཔེར་ན“ངའི་ཨ་ཕའི་མིང་ལ་བཀྲ་ཤིས”ཟེར་ན། ངས་དུས་རྒྱུན་རང་གི་ཨ་ཕ་ལ“ངའི་ཨ་ཕ་བཀྲ་ཤིས”ཞེས་བོས་ན“ངའི”ཞེས་པའི་ཐ་སྙད་འདི་ལྷག་མ་ཞིག་ཏུ་སོང་མེད་དམ།འདི་དང་བོད་སྐད་དང་བོད་ཡིག་ཅེས་པ་འབོད་སྟངས་ཀྱི་ཆ་ནས་འདྲ་མཚུངས་ཤིག་འདུག   དེ་མིན་ཐ་སྙད་སྦྱོར་སྟངས་ཀྱི་ཐད་ནས་ཅུང་ཙམ་འདྲ་བོ་མི་འདུག  འོན་ཀྱང་སྤྱིའི་ཆ་ནས་འདྲ་བོ་འདུག ལྷག་པར་སློབ་གྲྭའི་སློབ་མ་ཞིག་ལ་མཚོན་ན་དུས་རྒྱུན“སྐད་ཡིག”གི་སློབ་ཐུན་ལ་“བོད་ཡིག”སློབ་ཐུན་ཞེས་འབོད་ཀྱིན་འདུག   ང་ཚོས་ཞིབ་ཏུ་བསམ་གཞིག་ནན་མོ་ཞིག་བྱས་ན་ངོ་མ་ནོར་འཆུག་ཆེན་པོ་ཞིག་མཆིས།  བསླབ་གཞིའི་དཔེ་དེབ་སྟེང་ན“སྐད་ཡིག་”ཅེས་ཆེན་པོ་ཞིག་བྲིས་ཡོད་ཀྱང་དེ་ལ་དོ་སྣང་ཞིག་ཡེ་ནས་མི་འདུག
དེའི་ཕྱིར་ལྷག་པར་ཤེས་ཡོན་པའི་སྡེ་ཁག་ན་ཡོད་པའི་བོད་མི་རྣམ་མ་ཞིག་ཡིན་ཕྱིར་རང་མི་རིགས་ཀྱི་ཐ་སྙད་འབོད་ཚུལ་ཚད་མ་བ་ཞིག་ཆགས་དགོས་པ་རང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན་པ་དང་།    ལྷག་ཏུ་ང་དང་ང་འདྲ་བའི་ན་གཞོན་རྣམས་ཀྱིས་འདི་ལྟར་མ་དག་རྒྱན་འབྱམས་སུ་སོང་ན།   མི་རིགས་རང་གི་ཐ་སྙད་མི་ཉུང་བ་ཞིག་འཚོ་བའི་ཁྲོད་ནས་བར་སྲིད་པའི་བདེན་པ།འདི་ལྟར་སྤྱི་ཚན་པའི་ཐ་སྙད་དག་བེད་མ་སྤྱད་ན་ནམ་ཞིག་གོང་གི་ཐ་སྙད་དག་བརྗོད་ཀྱང་ཤེས་མཁན་དཀོན་སྲིད།         དུར་ཁྲོད་པ་ནས


 

ཆེས་གསར་བའི་དྲི་བ། ཟླ 2 2 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...