འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བོད་ཀྱི་ལོ་གསར་དང་ཉོད་ལུད།

འདེམ་ཤོག 0

བོད་ཀྱི་ལོ་གསར་དང་ཉོད་ལུད།

                              འབྲི་བ་པོ། དུད་ཁ་དོང་སྤྲུག

བོད་གནམ་ལོ་གསར་ཚེས་དང་ཉེ་བའི་དུས་སྐབས་འདི་དང་བསྟུན་ནས་ཆོལ་གསུམ་བོད་ཀྱི་སྤུན་ཟླ་རྣམ་པ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།   སྔོན་བྱོན་ཡབ་མེས་གོང་མས་བཞག་པའི་སྲོལ་བཟང་བལྟ་ན།   སྟོན་མོ་འདི་ཡི་དུས་སུ་ང་ཚོ་བོད་ལ་ཐུལ་དཀར་འབྲི་མོའི་འོ་ཞོ།  བཅུད་ལྡན་མར་དང་ཆུར་བ། ཕ་ཟས་སྦྲང་དཀར་རྩམ་པ། གྲོ་འབྲས་སྔོ་རིགས་སྣ་ཚོགས་སོགས་ཁ་ཟས་ཞིམ་དགུ་སྡེར་ཁ་སྣ་ཚོགས་སྒྲིག་ཅིང་།   བསང་མཆོད་ལྟས་ན་མིག་དབང་འཕྲོག་པ།  སྣོམ་ན་དྲི་ངད་ལྡང་བ་ཞིག་བྱས་ཤིང་གོས་བཟའ་ཕུན་སུམ་ཚོགས་པ་སྤྲས་ནས་ཁྱིམ་སྐྱིད་པའི་བཟའ་མི་ལྷན་འཛོམས་ཀྱི་རྣམ་པ་རོལ་ཏེ་བདེ་སྐྱིད་ཅི་དགའ་མཛད་བཞིན་བཞུགས་པ་ལས།  ཟས་ངན་རྫས་དུག་རིགས་ལ་ལོངས་སྤྱོད་བཞིན་མེད་པ་རེད།  འོན་ཀྱང་དེང་དུས་ཡིན་ན་རྫས་དུག་འདྲ་མིན་སྣ་ཚོགས་སྦྱོར་བའི་བཟའ་བ་དང་བཅའ་བའི་རིགས། ནད་རིགས་སྣ་ཚོགས་འདྲེན་པའི་ཉོད་ལུད་ཟས་རིགས་དང་མངར་རིགས་བཏུང་ཆུ་དུག་རྫས་ཅན།  ལོ་དུས་བརྒལ་ཟིན་པའི་ཟས་ངན་རིགས། ཚེ་འདི་ཕྱི་གཉིས་ཕུང་པའི་སྨྱོ་ཆུ།  གློ་ནད་ཀྱི་སྣ་འདྲེན་དུད་བ་དང་སྣ་ཐ་སོགས་སྡུག་ཚད་གཤམ།   མི་རེ་རེའི་ལག་ཏུ་ཁ་པར་རེ་འཆང་ནས་ཉིན་གང་པོ་ཁ་བརྡ་ཙམ་ཡང་བྱེད་ཁོམ་མེད་པ།    དུག་རྫས་ཤོག་སྦག་སྣ་ཚོགས་འཕེན་ནས་མགོ་བོ་ནད་ཀྱིས་ཁེངས་པ་ཞིག་འགྱུར་བཞིན་ཡོད།  འདི་ལྟར་བྱས་ན་བདེ་སྐྱིད་ཀྱི་དགོད་སྒྲ་མེད་ལ།  ལྷན་འཛོམས་ཀྱི་བྲོ་བ་མེད།  ལོ་གསར་བསུ་བའི་བོད་ཟས་མེད་པར་ཞིག་འགྱུར་བཞིན་ཡོད་པས་བླངས་དོར་གྱི་མིག་ཡོད་པ་ཞིག་དགོས།    དེ་བས་ངས་འདི་དག་སྐོར་ཅུང་གླེང་ན་དྲན་བྱུང་།
༡༽མཁན་ཆེན་འཇམ་དབྱངས་བློ་གྲོས་ཀྱིས་འཕྲོད་བསྟེན་ཕྱོགས་སྟོན་ནང་དུ།   ང་ཚོ་རང་རང་གིས་ཟས་སྤྱོད་སྟངས་ལ་བཟབ་བཟབ་བྱས་ན་འཆི་བ་ལས་བརྒལ་ཐབས་བྱེད་དགོས་པས་གསོ་རིག་ཆེད་མཁས་པ་དང་ཚན་རིག་པས་འགྲོ་བ་མིའི་རིགས་ཀྱི་ནད་ངན་དག་གིས་འབྱུང་རྐྱེན་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་རྣམས་གཞིར་བཟུང་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་པས་གད་སྙིགས་ཀྱི་ཟས་རིགས་མྱུར་དུ་འཆི་བར་མི་འདོད་པ་དག་གི་སྤོང་དགོས་པའི་ཟས་ངན་བཅུ་རུ་གསུངས་ཡོད། དེ་དག་རགས་ཙམ་འགོད་ན། ༡སྙིང་གི་ཁྲག་རྩ་འགག་པ། སྐྲན་ནད་ཀྱི་རིགས་བསྐྱེད་པ། ལུས་ཀྱི་འཚོ་བཅུད་ཞན་པ་ལུས་ཟུངས་གསོ་བའི་འཚོ་རྩི་འགག་པ་སོགས་ཀྱི་རྒྱུ་སྣུམ་བཙོས་ཟས་རིགས། ༢ ཁྲག་ཤེད་མཐོ་བ། མཁལ་སྐེད་ན་བ། སྣའི་སྐྲན་ནད་འབྱུང་བ། ལྟོ་བའི་རྒྱུ་ནད་འབྱུང་བ། ཁ་ནང་དང་ལྕེ་སོགས་ལ་རྒྱུན་པར་རྨ་འབུད་པ། ཁ་དྲི་མི་ཞིམ་པ་སོགས་འབྱུང་བའི་ཚྭ་མང་ཟས་རིགས།     ༣མི་རིགས་ལ་སྐྲན་ནད་བསྐྱེད་པ་ཧ་ཅང་མང་། ད་དུང་མཆིན་པའི་ནུས་པ་ཉམས་པར་བྱེད་པ་སོགས་ཀྱི་ནད་སྣ་ཚོགས་འབྱུང་བའི་རྫས་སྦྱོར་ཤ་རིགས།  ༤མཆིན་ནད་བསྐྱེད་པ། ལུས་ཀྱི་འཚོ་རྩི་མེད་པར་གཏོང་པ།   རིམ་འགོག་གི་ནུས་པ་ཉམས་པ། ལུས་ལ་ཚོ་འབུད་པ། ཚ་བའི་ནད་རྒྱས་པ་སོགས་འབྱུང་བའི་སྦྲང་གོར་གྱི་རིགས།༥ལུས་ཀྱི་འཚོ་རྩི་མེད་པར་གཏོང་བ། སྐྲན་ནད་དང་གློ་གཅོང་འབྱུང་སྐྱེན་པ། ཚོ་འབུད་པ། ཚ་བ་རྒྱས་པའི་ནད་འཕེལ་བ་དམ་ཟས་རིགས། ༦མཆིན་པ་སོགས་ནད་ཀུན་འབྱུང་སྐྱེན་པ་དང་ལུས་ཟུངས་ཟད་པ་སོགས་སིལ་ཏོག་རིགས།  ༧ཕོ་ཁ་དང་རྒྱུ་མ་ན་བ།  ཟས་གཞན་ཟ་མི་འདོད་པ། ལུས་རྒྱག་པ་སོགས་འགྱུར་བའི་འཁྱགས་ཟས་རིགས།  ༨སྐྲན་ནད་བསྐྱེད་པ། མཁལ་མཆིན་ལ་ན་བ། གློ་བ་དང་ཕོ་ཁ་ལ་གནོད་འཚེ་བྱེད་པ། ལུས་ལ་རྨ་འབུར་འབྱུང་བ་དང་ཁྲག་དང་ཆུ་སེར་འཛགས་པ།  ཟ་འཕྲུག་ལང་བ་སོགས་ཀྱི་བསྲེགས་ཟས་རིགས།  ༩ཁྲག་རླུང་སྟོད་འཚང་གི་ནད་བསྐྱེད་འབྱུང་གཞི། མཆིན་ཚིལ་རྒྱས་པ་སོགས་ཀྱི་ཁུངས་སྟབས་བདེའི་ཟས་རིགས། ༡༠བཏུང་ཆུ་རིགས་བཅས་ལ་ཡིན།  འདི་དག་གིས་ལུས་ལ་ནད་ན་བ་སོགས་མི་ཡི་ལུས་ཁམས་ལ་གནོད་ཚབས་ཆེ་བ་མ་ཟད།   འགྱིགས་ཤོག་སོགས་གད་སྙིགས་རིགས་ཀྱིས་ཁོར་ཡུག་གསོན་པོ་ལ་གནོད་པ་ཚར་ཆེན་བྱེད་པས་རབ་ན་མི་བཞེས་བ་དང་།   མཐའ་ན་ཉུང་དུ་བཏང་གནང་བ་བཀའ་དྲིན་ཆེ།    

༢༽དེང་སང་བཏུང་ཆུ་གཤམ་རྒྱུ་མང་ཉུང་ཟེར་ནས་ཀུན་གྱིས་འུར་བཞིན་ཉོ་རྒྱུ་དང་བཏུང་རྒྱུ་མང་བས་སེམས་ཅན་གྱི་ཚེ་སྲོག་ལ་གནོད་ཚབས་ཆེ་བྱུང་བ་སྟེ།  
བཏུང་བའི་རིགས་མང་ཆེ་བ་སིལ་ཏོག་གི་ཁུ་བ་མ་ཡིན་པར་ཆུ་དང་མངར་རྫས་ཚོན་རྩི་སྣ་ཚོགས་ཀྱིས་ཁ་དོག་བསྒྱུར་བ་དང་རྫས་ངན་བསྲེས་ཡོད་པས།   
ཆམ་ནད་སླངས་བ་དང་།   ལུས་ཀྱི་ལྷུ་ཚིགས་དང་རུས་རྐང་ནུས་མེད་དུ་འགྱུར་བ། སོ་ལྷུང་སླ་བ་དང་ལྟོ་དབུགས་ཚང་ནས་ཟས་ལ་དང་ག་འགག་པ་སོགས་འབྱུང་བ་ནི་ང་ཚོས་ཚོད་ལྟས་གྱིས་དང་ཤེས་ངེས་ཏེ་རུས་པ་ཞིག་བཏུང་ཆུ་འདི་དག་གི་ནང་དུ་བཅུག་ནས་ཉིན་གཉིས་ཙམ་ཞོག་དང་གསལ།   གྲང་ནད། ཕོ་ཤ་ནད་སོགས་ཀྱི་འབྱུང་ཁུངས་གྱུར་ཡོད་པ་མ་ཟད།   ཁོ་ཁོལ་ཁུ་ནག་སོགས་ཕལ་ཆེ་བས་འཁྲིས་རྡོ་འབྱུང་བ་སྟེ་འདི་དག་ནང་དུ་རྡུལ་ཕན་ཚུན་འབྱར་བའི་རྩི་ཞིག་ཡོད། དེས་རྡུལ་མང་པོ་སྦྱར་ནས་སྲབ་འཁྲིག་ཏུ་གྱུར་ཏེ་འཁྲིས་རྡོ་འགྱུར་བ་རེད།  བྱིས་པ་ཆུང་ངུ་དག་ལ་ཕ་མས་བཏུང་བཅུག་པ་ནི་རང་གི་བུ་ལ་ནད་རིགས་སྦྱིན་པ་དང་ཀུན་ནས་མཚུངས་པས་བཏུང་བཅུག་མི་རུང་།  བྱམས་སེམས་མ་ཤེས་པའི་བྱམས་སེམས་ནི་རང་གི་བུ་ལ་མ་བསམ་ས་ནས་གནོད་བྱེད་པ་རེད།  འདི་འཐུང་བ་ནི་ནད་འཐུང་དང་ཁྱད་མེད་པའི་འདུ་ཤེས་ལྡན་པའི་ཐོག་ནས་རང་གི་མི་འཐུང་བ་མ་ཟད་བུ་རབས་ཚ་རྒྱུད་ལ་བླུད་མི་རུང་།  གཞན་ཡང་ལོ་དུས་བརྒལ་ཟིན་པའི་ཟས་ངན་དང་བཏུང་ཆུ་སོགས་མང་པོ་ཡོད་ཅིང་། དེ་དག་གིས་ནད་མང་དུ་འབྱུང་བས་ལུས་ཚེ་སྲོག་གསུམ་དང་འབྲེལ་བ་ཡོད་ཕྱིར་བརྟག་པ་གལ་ཆེ།  
༣༽ལྷག་པ་དུ་ལོ་འགོ་ལ་སྨྱོ་ཆུ་བཏུང་བ་ནི་རྟེན་འབྲེལ་དེ་ལས་ངན་པ་ཅི་ཡོད་དེ་ལོ་གཅིག་སྨྱོ་བའི་སྨོན་ལམ་འདེབས་པ་དང་ཀུན་ནས་མཚུངས།  སྟོན་པས་མདོ་དྲན་པ་ཉེར་བཞག་ལས་དུས་རྟག་ཏུ་ཆང་བསྟེན་མཁན་དེ་ནི་བློ་བརྟན་པོ་མེད་ཅིང་བློ་གཡོ་བས་ཆོས་འཇིག་རྟེན་གཉིས་ཤོར་འགྲོ་བ་དང་ཆང་བཏུང་ན་རང་གི་བློ་བརྟན་པོ་མེད་པར་གྱུར་ནས་རང་ཚུགས་མེད་ཅིང་གསང་བ་ཕྱི་ལ་ཤོར།  ཁོང་ཁྲོ་ལོང་ནས་གཉེན་ཉེ་ཕ་མ་དག་ཉེས་རྡུང་བྱེད་ཅིང་།  འདོད་ཆགས་དང་གཏི་མུག་ལོང་པས་མི་ལེགས་པའི་བྱ་བ་ངང་གིས་འཕེལ་བ་འགྱུར་བ་སོགས་རང་ཉིད་ཉམས་ཤིང་གཞན་ལ་གནོད་པས་ན་ཆང་སྤོངས་ཤིག་ཅེས་སོགས་གསུང་ཡོད།   འཛམ་གླིང་དུ་བྱ་བ་ཐུལ་ཤོར་དུ་གྱུར་པའི་རྒྱུ་གཙོ་བོ་རུ་གྱུར་ཡོད།  འཛམ་གླིང་སྒྲིགས་འཛུགས་ཁྲོད་དུ་ཆང་བཏུང་བས་འཛམ་གླིང་དཔལ་འབྱོར་འགྲོ་གྲོན་ལ་གནོད་པ་སོགས་རྒྱུ་མཚན་དུ་བྱས་ནས་བཀག་ཡོད་ཚུལ་སོགས་མང་དུ་བཤད་རྒྱུ་ཡོད་ཀྱང་རྒྱས་པ་གཞན་དུ་བཤད་པར་བྱ།  སྐབས་འདི་ལོ་གསར་སྐབས་སུ་ཁྱིམ་མི་ཡོངས་རྫོགས་དགའ་དགའ་སྤྲོ་སྤྲོ་བྱེད་ནས་བཅུག་བསམ་ན་ཆང་མ་བཏུང་རོགས།

༤༽ཁ་པར།  ཁ་པར་འདི་སྤྱི་ནས་མིག་ཟད་པའི་རྒྱུ་རུ་འགྱུར་བ་མ་ཟད་ཡུན་རིང་སྤྱོད་ཆེ་ན་ཀླད་པ་ལ་ནད་ཕོག་སྟེ་མི་བཟའ་རོ་འགྱུར་འགྲོ་བ་དང་དྲན་པ་མྱུར་མོ་མེད་པ་འགྱུར་འགྲོ་བ་མིག་མཐོང་ལག་ཟིན་རེད།   དཔེ་ན་ཀྲུང་གོ་ལ་ད་ལོ་མཐོ་འབྲེང་མཐའ་ཕྱིན་བ་བརྒྱ་ཆ་དགུ་བཅུ་དེ་མིག་ལ་སྐྱོན་ཡོད་པ་གྱུར་ཟིན་པ་རེད།   ཡི་གེ་བལྟས་པ་ཙམ་གྱིས་དེ་འདྲ་འགྱུར་མི་འགྲོ་བ་སྔོན་གྱི་དམ་པ་དག་ལས་ཚོད་དཔག་བྱེད་ཐུབ།  དེ་བས་ཁ་པར་དང་གློག་ཀླད་ཀྱིས་ཡིན་ངེས་རེད།   བྱེ་བྲག་ད་རེས་དུས་ཚོད་འདི་ནི་ཁྱིམ་ཚང་ལྷན་འཛོམས་ཀྱི་ཉིན་མོ་དེ་རེད།  ལྷག་ཏུ་དེང་སང་སྤྱི་ཚོགས་སློབ་གྲྭ་བ་དང་།   གྲོང་ཆེ་འགྲིམ་པའི་ཞབས་ཞུ་བ་དང་ཚོགས་ལས་པ་སོགས་ཕྱོགས་སོ་སོར་རྒྱུ་འགྲོ་བ་ལས་ལྷན་འཛོམས་དེ་ཉུང་ཉུང་རེད། མང་ཆེ་བ་ལོ་གཅིག་ལ་ལོ་གསར་སྐབས་ལས་གཞན་ལ་འཛོམས་ཡོད་དཀའ། རེད་དེ་དུས་དེར་མི་རེས་ཁ་པར་རེར་གཟུང་ནས་ཟ་མ་ལས་མཁན་དོན་ལ་འཐབ་རྩོད་བྱེད་ས་ཕལ་ཆེ་རེད་སྙམ་པ་ཞིག་བྱས་ཏེ་གནས་ཡོད་པ་རེད།   སློབ་མ་ཚོ་གཙོ་བོར་བྱས་པ་ཞིག་གིས་ཕ་མ་ཞབས་ཞུ་སྒྲུབ་པའི་དུས་ངོ་མ་དང་།   གཉེན་ཉེ་ལྷན་འཛོམས་ཀྱི་དགོད་སྒྲ་རྒྱས་པའི་སྐབས་ཡིན་པས་རེ་ཞིག་ཁ་པར་བྲལ་ཐབས་བྱེད་ནས་བདེ་སྐྱིད་ལ་རོལ་རོགས།  ཁ་པར་ལ་བདེ་སྐྱིད་མེད་པ་རང་རང་གིས་འདང་རྒྱགས་ན་ཤེས་ངེས་རེད། ཤུབ་སྒྲ་ཞིག་དང་ལྷན་དུ་འཚམས་བཞག་པ་དང་དུས་མཉམ་དུ་ཉལ་རྒྱུ་མ་གཏོགས་ཕན་ཚུན་ཁ་བརྡ་མེད་པ་ཞིག་གིས་སླར་གྱེས་འགྲོ་བ་ཡིན་ན་ཕ་མ་དག་སེམས་སྐྱོ་བ་མ་ཟད་རང་ཉིད་ཀྱང་ཕྱི་འདང་རྒྱགས་དགོས་པ་ཞིག་བྱུང་ཡོད། 

༥༽ཤོག་སྦག་འཕེན་པས་མཁའ་དབུགས་ལ་དུས་རྫས་ཀྱིས་ཁེངས་ནས་མཁའ་དབུགས་ཀྱི་དྭངས་བཅུད་ཉམས་པ་བྱེད་ཅིང་།   དབུགས་གི་རྒྱུ་འགྲུལ་ལ་བརྟེན་ནས་དྭངས་བཅུད་ཀྱིས་སྐྱེས་འགྲོ་ང་ཚོའི་ལུས་ཁམས་གསོ་དགོས་པས་རྫས་ངན་འདིས་དུད་པས་དབུགས་ཀུན་ལ་ཁྱབ་ཅིང་།  དེ་བརྔུབས་པ་དང་དུག་རླངས་བརྔུབས་པ་གཉིས་ཁྱད་མེད་དུ་གྱུར་ནས་ལུས་ཁམས་མི་དྭངས་བ་མགོ་ན་བ་སོགས་ནད་རིགས་དུ་མའི་སྣ་འདྲེན་ཞིག་བེད་སྤྱོད་པ་ནི་ལོ་གཅིག་ལ་ནད་ན་བར་ཤོག་ཟེར་བ་དང་ཁྱད་ཅི་ཡོད།   དེ་བས་ཤོག་སྦག་དང་ལོ་གསར་ཁ་བྲལ་བ་གལ་ཆེ།  

༦༽མདོར་ན་རྔུལ་ཆུ་ཐིག་པ་རེ་རེ་ལས་གྲུབ་པའི་ང་ཚོའི་སྒོར་མོ་སྟོང་སོ་ཁྲི་སོ་ཁ་ཤས་དེ་ཁ་མངར་བའི་རོ་ཙམ་གྱིས་ཆེད་དུ་རང་གི་བདེ་ཐང་དང་ཚེ་སྲོག་ལ་གནོད་པའི་ཉོད་ལུད་ཟས་རིགས་ཐོག་ཏུ་གཏོང་བ་ནི་རང་ཉིད་ཀྱི་དཔལ་འབྱོར་སྟོང་ཟད་ཡིན་པ་མ་ཟད། ལོ་འགོ་བཟུང་བྱེད་དེ་རྟེན་འབྲེལ་གྱི་ལྷ་རྫས་མིན་པ་བཀྲ་མི་ཤིས་པ་དང་ནད་མང་བའི་རྫས་གཅིག་བྱེད་པ་ནི་མ་རུང་བ་ཡིན་པས་དོར་བ་འཚལ། འཛམ་གླིང་ཉོད་ལུད་དང་དུས་རྫས་ལ་ལོངས་སྤྱོད་མཁན་ནི་གྲངས་ཉུང་མི་རིགས་དག་ཡིན་པས་ལོ་ཁོར་མོ་ཡུག་ལ་དུག་རྫས་ལོངས་སུ་སྤྱོད་པ་ལས་བརྒལ་ཏེ་ལུས་འཕྲོད་བསྟེན་ཆེད་དུ་ཡོངས་དག་པའི་ཟས་ལ་རོལ་དགོས་སོ་ཞེས་པའི་སྐད་ཆ་འདི་བོད་མི་ཡོངས་ཀྱི་སྙན་རྒྱན་དུ་འགྱུར་བར་སྨོན།  ད་འཚམས་འཇོག་རྒྱུ་ཡིན་ཐུགས་ལ་མ་བབས་པ་བྱུང་ན་དགོངས་འགལ་མེད་པར་མཁྱེན༎   


 

ཆེས་གསར་བའི་དྲི་བ། ཟླ 2 3 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 3,993 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...