འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་ལོག་དང་བུད་མེད།

འདེམ་ཤོག 0

  གྲྭ་ལོག་དང་བུད་མེད།

                 བསོད་ཐར་གྱིས།

དུས་ཚོད་དང་བསྟུན་ནས་ལབ་ན་ཁ་རྩང་དེ་རིང་ཞིག་ལ་ཅུང་ཙམ་ཡོན་ཚད་དང་ལྡན་པའི་གྲྭ་ལོག་སྐོར་ཞིག་གིས་གསུང་བ་ལྟར་ན། མི་གཞན་གྱིས་ཁོ་ཚོ་ལ་དགའ་རོགས་སུ་ཡོད་ཅེས་
ཡང་ཡང་འདྲི་བ་འདི་ནི་དགོད་ཡོང་བྱེད་ཅིག་རེད་གསུངས་སོང་།  ངས་གསལ་བོ་མི་ཤེས་རུང་འདི་ལ་ང་ཚོས་བསམ་ཤེས་ཤིག་བྱེད་དགོས་པ་ནི་གྲྭ་ལོག་པ་ནི་བུད་མེད་ཁོ་ནའི་ཆེད་དུ་ཡིན་ན་དེང་སང་དམར་གོས་ཅན་ཚོའི་ཁྲོད་ནའང་དགའ་མ་ཡོད་མཁན་དེ་ཉུང་ཉུང་མ་རེད།    དེ་བས་ཕྱིར་ན།   ཁོ་ཚོ་ལ་ཕུགས་བསམ་གཞན་ཞིག་དང་ཡང་ན་གྲྭ་ལོག་དགོས་པའི་རང་སྐྱོན་འགའ་ཞིག་མཐོང་ཡོད་པར་འདྲ། གང་ལྟར་ངས་རྟག་ཏུ་གྲྭ་ལོག་ཚང་མ་ཡ་རབ་དང་འཇོན་ཅན་ཞིག་ཡིན་པ་ངོས་འཛིན་མི་ཕོད་ཀྱང་གྲྭ་ལོག་ཤེས་ཡོན་པའི་སྡེ་ཁག་འགའ་ཞིག་ནི་མི་རིགས་ལ་དུང་ཞེན་དང་། རིག་གནས་ལ་དགའ་ཞེན།  ཁོར་ཡུག་ལ་བརྩི་འཇོག་ཡོད་མཁན་གྱི་བསམ་ཤེས་ཅན་ཤ་སྟག་ཡིན་པས་ངས་ཁོ་ཚོ་ལ་ལྟ་སྟངས་ནི་སློབ་ཆེན་སློབ་མ་ལས་ཀྱང་རིན་ཐང་ལྡན་པ་ཞིག་ཏུ་བརྩིས་ཡོད་ལ་གྲྭ་བ་སྡོམ་མེད་དག་ལས་ཀྱང་བརྩི་འཇོག་ཆེ་ས་ཞིག་ཏུ་ཆགས་ཡོད། ངས་དེ་འདྲ་ཞིག་ཟེར་དོན་ཡང་ཏེན་ལེ་ཡིས།   སློབ་ཆེན་ལོ་ངོ་བཞི་ལ་ངའི་ཆེས་ཆེ་བའི་ཐོབ་འབྲས་ནི་བསམ་གཞིག་བྱེད་ཤེས་སོང་བ་དེ་རེད། ཅེས་གསུངས་པ་དེ་དང་ཕྱོགས་མཚུངས་ཡིན་ལ་གཞན་མང་བོ་ཞིག་ལ་ཁྱེད་ཚོས་བརྟག་ན་གསལ་ངེས།   སྤྱི་ན་བུད་མེད་མི་འདོད་མཁན་གྱི་སྐྱ་བོ་ཞིག་ཡོད་མི་སྲིད།   ཡིན་ན་ཡང་།  སྐྱེས་པ་འགའ་ཞིག་གིས་ཧ་ཅང་བུད་མེད་ལ་འབྲེལ་འདྲེས་ཉུང་ཉུང་བྱེད་པ་ནི་དོན་དམ་པ་བུད་མེད་ལ་ཆེས་གུས་བཀུར་ཆེ་བའི་མི་དེ་དེ་ཡིན་པ་ང་ལ་ཡིད་ཆེས་ཡོད།  ཁོ་ཚོས་བུད་མེད་དག་ནི་རྩེད་ཆས་ཤིག་གི་ཚབ་ཏུ་བཞག་མི་རུང་བ་ཤེས་ཡོད།  ང་རང་ཉིད་ལ་མཚོན་ན་བུད་མེད་ལོ་ཆུང་ཁ་ཤས་ཤིག་དང་འབྲེལ་བ་ཡོད།   དེ་དག་ནི་སློབ་གྲོགས་དང་ཕ་ཡུལ་གྱི་བུ་མོ་ཁ་ཤས་ལོས་ཡིན།  ཁོ་ཚོ་དང་ཁ་བརྡ་གློད་ཚེ་ཏག་ཏག་ང་ལ་ཚོར་བ་ཞིག་སྟེར་བ་ནི་ལེན་རེ་རུམ་ན་འདོད་པ་དང་ཡང་ན་མཉམ་དུ་རྣམ་གཡེང་གཞན་ཞིག་ལ་གཏོང་འདོད་པ་དེ་རེད།   འོན་ཀྱང་།    ངས་ཁོ་ཚོ་ལ་དགའ་ཞེས་ཁ་གཡར་ནས་ཆགས་སྤྱོད་ཀྱི་སྐད་ཆ་དང་རྣམ་འགྱུར་སོགས་རྩད་ནས་གླེང་མ་མྱོང་ལ་བསྟན་མ་ཕོད། རྒྱུ་མཚན་ང་ལ་གནོན་ཤུགས་ཆེས་ཆེ་བ་ཞིག་ཡོད་པ་ནི་ངས་འགན་ཁུར་ཐུབ་མིན་དེ་རེད།   ངའི་སེམས་སུ་དགའ་རོགས་ཞེས་པ་ནི་གནམ་འོག་ནས་ཆེས་རྙེད་དཀའ་བའི་མི་དེ་ཡིན་ལ་རྙེད་རྗེས་ཆེས་འབྲལ་མི་ཕོད་པའི་དྲོད་ཁོལ་ཞིག་ལ་ངོས་འཛིན་བྱས་ཡོད།    གྲྭ་ལོག་མ་ཐག་ཏུ་བཟའ་ཡ་ཚེ་རོགས་ཤིག་ཡོད་མཁན་གྱི་ལས་སྟངས་ནི་སྔུན་ཞིག་གི་ལས་སྟངས་ཙམ་ཡིན་པར་འདྲ།   གང་ལྟར་དེ་རིང་ཁ་རྩང་ནི་གྲྭ་ལོག་ཇེ་མང་དུ་འགྲོ་བ་ནི་བུད་ཞིག་ལ་ཤི་འཐོམ་རོ་འཐོམ་བྱས་ནས་ལྷུང་བ་ནི་དཀོན་པོ་ཞིག་ཏུ་ཆགས་ཡོད།    སྤྱི་ཚོགས་ཁྲོད་ཀྱི་བུད་མེད་བསམ་ཤེས་ཅན་མང་བོ་ཞིག་གིས་ཀྱང་དགེ་བོ་ཐམས་ཅད་ལ་ལྟ་སྟངས་གསར་བ་ཞིག་ཐོན་ཡོད་པ་ནི་ཕལ་ཆེར་བརྩི་འཇོག་གི་གནས་སུ་གྱུར་ཡོད།  ངས་གྲྭ་ལོག་དག་ལ་དཀར་ས་ཞིག་སྟོན་པ་ཙམ་ལས་དགོན་སྡེ་གྲྭ་ཚང་གི་བླ་སློབ་རྣམ་དང་དེའི་རིགས་སུ་སློབ་གྲྭ་བ་ཚོ་ལ་སྨད་པ་སོགས་གང་ཡང་མིན་ལ་སྐད་ཆ་འདི་ནི་དམིགས་གསལ་ཞིག་ཏུ་བརྩིས་ནས་བཤད་པ་ཡིན།  


 

ཆེས་གསར་བའི་དྲི་བ། ཟླ 2 6 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 3,993 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...