འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྣང་བའི་འཁྱུག་འགྲོས་བར་གྱི་རི་མོ།

འདེམ་ཤོག 0

  སྣང་བའི་འཁྱུག་འགྲོས་བར་གྱི་རི་མོ།

  རྨ་རྣོ་མདའ།

གཞོན་ཆུང་སྣང་བའི་བརྩེ་འདང་འཁྱུག་པའི་གར།།
རྐང་དྲུག་བུང་བའི་སྦྲང་རྩི་འཚོལ་བ་འདྲ།།
མཚོ་སྐྱེས་པདྨའི་ལང་ཚོར་འཁྱུད་ཞོར་དུ།།
སླར་ཡང་གཞན་ལ་འཕུར་བ་སུ་ཡིས་འགོག།

འཆར་སྣང་གྱ་གྱའི་རྟོག་འགྱུ་ཁ་ཚར་ཅན།།
དཀར་ནག་ལས་ཀྱི་མེ་ལོང་ངོས་སུ་ལྡེམ།།
ཐ་སྙད་འཚོལ་བའི་ཉིན་དང་མཚན་གྱི་བར།།
ངལ་དུབ་བདུད་རྩིའི་ཕྱི་ནང་རབ་ཏུ་བཟི།།

མཛའ་མཐུན་དུངས་བའི་དར་ལྕོག་བར་མེད་བསྐྱོད།།
བརྩེ་གཞས་གཉོམ་པོའི་ཚིག་དོན་སེམས་སུ་ལྷག།
སྣང་བའི་འཁྱུག་འགྲོས་བར་གྱི་རི་མོ་ཀུན།།
མ་དག་གྲོང་ནས་རྙེད་པའི་ཚེ་ནོམ་ཉིད།།

ཕྱི་རོལ་རང་བྱུང་མཛེས་པ་ཡིད་དུ་འོང་།།
ནང་སེམས་སྤྲིན་དཀར་འདབ་མ་མྱི་ཁའི་བསེད།།
ཟད་མཐའ་མ་མཆིས་སྣང་བའི་རྒྱལ་ཁམས་འདིར།།
གསང་གཏམ་ཚིག་གི་མདུད་པ་སུ་ལ་གྲོལ།།

ངེས་དོན་སེམས་གཞས་གངས་དཀར་རི་ལ་བླངས།།
བདེན་ཚིག་གྲུབ་པའི་ཆབ་ཀྱི་རྒྱུན་མཐའ་རིང་།།
གང་ཉིད་དྲན་པའི་འདབ་མ་བར་མེད་ལྡེམ།།
རབ་མཛེས་དཔལ་གྱི་སྣང་བ་ཟད་མཐའ་མེད།།

མཐའ་བྲལ་སྟོང་བའི་ཕ་མཐའ་ནོར་གྱི་མཛོད།།
ལག་ཏུ་མ་མཆིས་གང་དང་གང་ལ་དབང་།།
དཀར་ནག་ལས་ཀྱི་ལམ་བུ་བསྣོལ་བའི་མཚམས།།
མ་འཆུག་རང་ལ་གསལ་ཞིག་འདེབས་སོ་ལོ།།

སྒྱུ་རྩལ་རླབས་ཕྲེང་རྩེན་པའི་བར་གླགས་ནས།།
རྟག་མེད་བདེན་པར་གྲུབ་པ་ག་ལ་ཟིན།།
མི་མཐུན་འཁྲུལ་བའི་འཇའ་ཚོན་ཤར་བའི་བློ།།
རེ་ཞིག་སོམ་ཉིའི་བཅུན་པ་ལྡོག་པར་དཀའ།།

མཚར་སྣང་ཁ་ཚར་ལྡེམ་པའི་གོས་ཀྱི་ལྭ།།
སྟེང་གི་རི་མོ་གསེར་བྲིས་འཁོར་ལོ་ཡིན།།
ནང་གི་དྲོད་ཁོལ་སྨྲ་བསམ་བརྗོད་པར་དཀའ།།
ཡག་གི་བསམ་བྱུང་བདག་གི་སེམས་ཀྱིས་གྱོན།།

སྣང་བ་འདི་དང་འདི་ཞེས་མ་ཟིན་ཡང་།།
སྣང་བའི་རྟ་མཆོག་ཡ་ཆུང་སྟོད་ན་རྒྱུགས།།
སྣང་ལ་མ་ངེས་སྣང་བ་གར་འགྲོ་མ།།
སྣང་ཡུལ་ཁམས་སུ་འཁྱུག་པ་མཐོང་ངམ་ཀྱེ།།

ཟུངས་ཁྲག་སྦུབས་སུ་དུངས་སེམས་མུ་ཏིག་འཕྱོ།།
ཕྱི་རོལ་བཅུད་ཀྱིས་ཟིན་པ་བརྩེ་བའི་ཞིང་།།
སླར་ཡང་མར་མེ་རླུང་གི་བསྐྱོད་པ་འདྲ།།
ཡིན་ཡང་ལས་ཀྱི་ཡིག་ཆུང་བསྲུབ་པ་མེད།།

མ་བཅོས་སྙིང་གི་ལྗོན་པ་ལྷོད་ཀྱིས་གཡོ།།
འདུ་འབྲལ་སྒྱུ་མའི་ཆུ་རྒྱུན་རྟག་ཏུ་རྒྱུ།།
དྲན་གདུང་བཟི་ཁའི་མནར་བས་སོ་སྐྱེས་ཚོགས།།
ཡིན་མིན་འཁྲུལ་བའི་རྨི་ལམ་སྣེ་མོར་འཇུ།།

མཐའ་མེད་བྱེ་ཐང་བརྒལ་བར་ཨ་ཐང་ཆད།།
སྣང་སྟོང་སྟོང་བའི་དེ་ཉིད་རྟོགས་པར་དཀའ།།
འབྲས་མེད་ལོ་འདབ་གཉོར་བའི་སྲིད་པའི་གནས།།
དགའ་སྡུག་ཟློས་གར་འཁྲབ་པའི་རྩེ་རྭར་སྒོམ།།

རང་བྱུང་མཛེས་པ་གཡོལ་བའི་འདུ་འབྲལ་གྱིས།།
དྭངས་བའི་སེམས་ལ་མཐོང་མེད་རྨ་ཁ་བཟོས།།
རང་སེམས་མེ་ཏོག་གཉོར་བའི་མཐའ་མ་ལ།།
སྣང་ཞེན་གར་གྱི་སྙེ་མ་ལྡེམ་ལྡེམ་གཡོ།།

འོད་ཀྱི་ཟེར་མ་མཐོན་མཐིང་མཁའ་རུ་བཀྲ།།
འཛིན་པར་འདོད་ཡང་སུ་ཡིས་ཟིན་པ་མེད།།
དེ་བཞིན་སྣང་ཤེས་སྟོང་གི་རྨི་ལམ་ལས།།
མཐོང་བ་དེ་དག་བདེན་པའི་གནས་མ་ཡིན།།


 

ཆེས་གསར་བའི་དྲི་བ། ཟླ 2 6 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 3,993 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...