འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཐེངས་དང་པོ་བུད་མེད་ལ་ཐུག་པའི་བུ་མོ།

འདེམ་ཤོག 0

ཐེངས་དང་པོ་བུད་མེད་ལ་ཐུག་པའི་བུ་མོ།

སྒྲུང་གཏམ་ལྟ་བའི་མཚན་པ་གཅིག


འདྲེ།

བསིལ་བ་མེད་པའི་རླུང་བུ་ཞིག་གིས་ང་རང་འཁྱེར་ཏེ་མུ་མཐའ་འཕངས།།
འཛུམ་མདངས་མེད་པའི་བུ་མོ་ཞིག་གིས་བདག་གི་གདོང་ལ་དགྲད་ནས་ཐལ།།
ཅི་ཡང་མེད་པར་ཁོ་བོའི་མིག་གཉིས་ཁོ་མོའི་སྟེང་དུ་འཁོར་ཙམ་འཁོར།།
ཉི་མ་མེད་པའི་མུན་པ་འདིའི་ནང་ཚ་བ་མི་སྲིད་ལུས་ལ་རྔུལ།།

 

མོ་ནི་ལྷ་མོ་ཡིན་ཞེས་བརྗོད་ཀྱིན་བདག་གི་ལག་པ་བཟུང་ནས་ཐལ།།
མེ་ཏོག་པདྨའི་འདབ་མ་འདྲ་མིན་ནམ་མཁའི་དབྱིངས་སུ་ཐོར་བཞིན་འདུག།
མགོ་ཡི་སྐྲ་བསྒྲོག་ཐང་ལ་འཕང་ནས་ནག་སྣུམ་སྐྲ་ལོ་རྒྱབ་ལ་བསྣར།།
མཁུར་ཚོས་དམར་པོ་བདག་ལ་གཏུག་བཞིན་ལུས་ཀྱི་རྣམ་འགྱུར་འདྲ་མིན་སྟོན།།


ཚེས་པ་དགུ་ཡི་དགོང་མོ་ཞིག་ལ་ཟླ་བ་གསལ་ལ་མི་གསལ་ཞིག།
སྦྲ་གུར་ཆུང་ཆུང་ཞིག་གི་ནང་ནས་ཁོ་མོའི་ཅི་བྱེད་གསལ་ཙམ་སྣང་།།
སྟོད་ཀྱི་བར་ལྭ་ཕུད་པར་བྱེད་ན་ལུས་ཀྱི་བ་སྤུ་འདར་སིག་སིག།།
མཆུ་སྒྲོས་དམར་པོ་འགྲམ་པར་གཏུག་པས་སེམས་པ་ཡོངས་སུ་སྨྱོན་པར་གྱུར།།

 

དེ་སྔོན་བུད་མེད་ཅིག་ལ་མ་ཐུག་དེ་རིང་ཕྲད་ན་སྐྲག་སྣང་སྐྱེ།།
མ་ལེགས་བྱ་བ་གང་ཡང་མ་སྒྲུབ་སེམས་པའི་དབུས་ན་གནོང་ཞིག་འདུག།
ལྡབ་བི་ལྡེབ་བིའི་སྐད་ཅིག་བཤད་ན་ཁ་ནས་ཤུགས་རིང་གང་མང་ཤོར།།
སེམས་ནས་སྐད་ཆ་བཤད་འདོད་ཡོད་ཀྱང་ཁ་ནས་འབུད་ཐབས་མི་འདུག་གོ།

 

མལ་ཁྲི་ཆུང་ཆུང་ཞིག་གི་སྟེང་ནས་ཉལ་ཐུལ་ཆུང་ཆུང་མཉམ་དུ་གྱོན།།
གཅར་འདོད་མེད་ཀྱང་མ་རེག་མ་ལོ་མ་ཐུག་པ་ཡིས་ཐབས་མེད་དོ།།
མོ་ནི་ང་རང་དགའ་ཞེས་བརྗོད་ཀྱིན་བདག་གི་སྐེ་ལ་བསྡམས་ནས་ཐལ།།
ང་ནི་དངངས་སྐྲག་ཅིག་དང་མཉམ་དུ་མོ་ལ་དེ་ལྟར་མ་བྱེད་ཟེར།།

 

མོ་ཡིས་བཤད་ན་རེ་སྒུག་ཉི་མ་དོ་ནུབ་ཡིན་ཞེས་ཐེངས་མང་བརྗོད།།
ཁྱོད་དང་མཉམ་དུ་ལས་འབྲེལ་བྱུང་ན་ཤི་ཡང་འགྱོད་པ་མེད་དོ་ཟེར།།
ཁྱེད་ལ་བྱམས་དང་སྙིང་རྗེ་ཡོད་ན་སྙིང་རྗེའི་སྤྱན་གྱིས་གཟིགས་རོགས་ཟེར།།
ང་ནི་དགེ་མེད་སྡིག་མེད་ཡིན་པས་དེ་འདྲ་སེམས་སུ་འཆང་མ་མྱོང་།།

 

ལས་འབྲེལ་མེད་པའི་མི་བུ་ང་ནི་དེ་རིང་སེམས་ལ་སྙིང་རྗེ་ཞིག།
མཁན་དབང་ཞིག་གི་འདོད་བསྟན་ནང་ནས་ལུང་ཞིག་ཡོད་པ་དེ་དྲན་ནས།།
ཁོ་མོའི་རེ་འདོད་སྒྲུབ་པར་འདོད་པས་སེམས་ལ་སྤོབས་པ་རགས་ཙམ་རྗེས།།
ངས་ནི་དེ་སྔོན་འཁྲིག་སྤྱོད་མ་མྱོང་མོ་ལ་འདོད་བདེ་སྟེར་ཐུབ་མེད།།

 

མོ་ཡིས་ཟེར་ན་ད་དུང་ཐེངས་གཅིག་མོ་ཡི་རེ་བ་འགྲུབ་མ་སོང་།།

ཟེར་བཞིན་ཟེར་བཞིན་བདག་ལ་རེ་བ་ཡང་བསྐྱར་ཐེངས་གཅིག་ཞུ་གིན་འདུག།
བདག་གིས་ཡ་ཞེས་ཟེར་ནས་མོ་ལ་རེ་བ་ཅི་ཡོད་ཡོངས་སུ་བསྒྲུབས།།
དེ་ཡི་རྗེས་སུ་མོ་ཡིས་ཟེར་ན་དོ་ནུབ་བྱ་བ་མ་བརྗེད་ཟེར།།

 

དེ་ཡི་རྗེས་སུ་ཅུང་ཙམ་ཉལ་ནས་གཉིད་ཀྱི་རྨི་ལམ་འགྲིམ་དུ་སོང་།།
མོ་ཡི་མགོ་ནི་ཁོ་བོའི་བྲང་གི་སྟེང་ལ་བཞག་ནས་གཉིད་པར་བྱས།།
དུས་ཚོད་གཅིག་དང་ཕྱེ་ཀར་སླེབས་པས་ནམ་གྱི་སྐྱ་རེངས་མཁའ་ལ་གསལ།།
ནམ་ཚོད་འཛིན་པའི་བྱ་ཕོ་དེ་ཡིས་རྨི་ལམ་སྐྱིད་པོ་འདི་དཀྲོག་གོ།

 

རི་གྲོང་དབེན་པའི་གུར་མིག་ཕྱི་ན་ནམ་མཁའི་ལྷ་མོས་འོ་ཇ་སྐོལ།།
ཡར་ལ་ལང་ནས་འགྲོ་བར་བྱེད་ན་ཁོ་མོས་ད་དུང་མ་འགྲོ་ཟེར།།
མོ་དང་མཉམ་དུ་ནངས་ཇ་འཐུང་ནས་ཁ་ངོ་འཁྲུས་ཏེ་སོང་དང་དགའ།།
ཟེར་ནས་ཇ་དང་རྩམ་པ་འཁྱེར་ཏེ་བདག་གི་གམ་དུ་ག་ལེར་འོང་།།


ང་ནི་ཅུང་ཙམ་འཚབ་ཀི་འདུག་མོད་ཡིན་ཡང་མོ་ཡིས་མ་འཚབ་ཟེར།།
དེ་འདྲ་ཟེར་ན་ལྷག་ཏུ་འཚབ་པས་མོ་ནི་བགད་སྐྱིན་བགད་སྐྱིན་འདུག།
མོ་ལ་ལྟས་ན་འཛུམ་མདངས་དམུལ་དམུལ་ནམ་མཁའི་ལྷ་མོ་དངོས་དང་འདྲ།།
འཇིག་རྟེན་འགྲིམ་པའི་ལས་འབྲེལ་བྱུང་སར་ཁོ་མོ་ཡིན་པས་དགའ་བ་ཚོར།།

 

ངས་ནི་ཁོ་མོའི་ལག་པ་བཟུང་ནས་ཅི་ཡིན་མེད་པའི་དམ་ཞིག་བཅའ།།
མོ་ཡིས་བཀའ་དྲིན་ཆེ་ཞེས་བརྗོད་ནས་བདག་གི་ལག་པ་འོ་ཞིག་བྱས།།
སྙིང་གི་གཏམ་འགའ་མོ་ལ་བཤད་ནས་གྲོང་བའི་ནང་ལ་ཕྱིན་ཏུ་སོང་།།
མོ་ཡི་མཛུབ་དཀྲིས་བདག་ལ་སྟེར་ཏེ་སྙིང་གི་ཕྱེ་ཀ་དེ་ཡིན་ཟེེར།།


ཡ་ཞིག་བརྗོད་དེ་མོ་ལ་ལྟ་བཞིན་ཕྱིར་ལ་ནུད་དེ་ལམ་ལ་ཆས།།
མོ་ཡི་བརྩེ་བ་སེམས་ལ་འཆང་ནས་མི་དོར་བསམ་སྟེ་ཐག་ཅིག་བཅད།།
དེ་ནས་ལོ་ངོ་གསུམ་ལྷག་བགོར་རྗེས་མོ་ནི་ཤི་གསོན་མ་ངེས་ཏེ།།
ངས་ནི་ཁོ་མོ་དྲན་ནས་སྡད་ཡོད་དོ་ནུབ་ལྷག་ཏུ་དྲན་བཞིན་ཡོད།།
2017\12\3\ལ་གྲུབ།


 

ཆེས་གསར་བའི་དྲི་བ། ཟླ 2 8 རིགས་གྲས།:འདོད་གཏམ་གྱི་སྐོར། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...