དེ་དང་འབྲེལ་ཡོད་ཀྱི་དྲི་བ་མ་རྙེད།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གྲྭ་བ་དང་བཙུན་མའི་དུངས་རྩོམ་འབྲི་དགོས་པར་ཅི།

འདེམ་ཤོག 0

གྲྭ་བ་དང་བཙུན་མའི་དུངས་རྩོམ་འབྲི་དགོས་པར་ཅི།
          མགོན་སྣང་སྐྱེས།
ང་རང་ཚོ་མིའི་རིགས་སུ་གནས་པ་ཞིག་ཡིན་པས།ཤེས་རིག་སྣ་མང་གི་བདག་པོར་སྲོག་ལྡན་ཐམས་ཅད་ཀྱི་ནང་ནས་རང་དབང་མེད་པར་གྱུར་དགོས་པ་དང་འོས་མེད་དུ་བབ་འདུག    དེ་བས་ན་མིའི་རིགས་སུ་གནས་པས་དོན་དང་ལྡན་པའི་གླེང་བྱ་དང་སྙིང་བོ་རྟོགས་དགོས་པ་རེད།ང་ཚོའི་བོད་པ་ཞིག་ལ་མཚོན་ནའང་རིག་གནས་བཅུ་ཕྲུག་གཅིག་གི་བདག་པོར་གྱུར་བ་འདྲ་བོ་རེད།ལྷག་པར་རབ་བྱུང་བ་ཞིག་ལ་མཚོན་ན་ནང་རིག་པའི་སྙིང་བོ་འཛིན་མཁན་དང་ཐུབ་བསྟན་རིག་གནས་ཀྱི་བརྗོད་བྱ་མཐར་ཐུག་པས་སྒོ་ནས་མ་གྱུར་སེམས་ཅན་ཐམས་ཅད་དགེ་བའི་མཆོག་དང་བདེ་བའི་གནས་ལ་འཁྲིད་པའི་ལམ་མཁན་ལྟ་བུ་ཞིག་ཏུ་གྱུར་དགོས་པ་རེད།དེང་དུས་འདིར་རབ་བྱུང་བཙུན་པའི་གཟུགས་དང་བཙུན་མའི་གཟུགས་མཁན་ཚོར་ཕྱིའི་གཟུགས་བརྙན་ཙམ་གྱིས་འཇོག་དགོས་ཚེ།ནང་བའི་བསྟན་པར་ཞུགས་ནས་སྡོམ་པ་དང་དུ་བླངས་པའི་སོ་ཐར་རིགས་བརྒྱད་ཀྱི་ནང་ནས་རབ་བྱུང་གི་སྡོམ་པར་གས་ཆག་ཤོར་ལ་ཉེ་བའི་འབོད་བརྡ་ཆེན་པོ་ཞིག་ཡིན་པའང་འུར་ཟང་ཟིང་གི་སྤྱི་ཚོགས་འདིས་ཚོར་དགོས་པ་ནི་གནས་ལུགས་ཤིག་མ་ཡིན་ནམ།
ཁ་རྩང་དེ་རིང་གི་ཆ་འདིར་གྲྭ་བ་དང་བཙུན་མ་འགའ་ཞིག་གིས་སྙན་ངག་རིག་གནས་ལ་ཁ་གཡར་ནས་ཉོན་སྒྲིབ་ཀྱི་གསེབ་ནས་འབུར་བའི་ཚོར་བ་ཙམ་འདོད་ཆགས་མཐའ་དག་འཇིག་རྟེན་གྱི་མཁའ་རུ་སྒྲོགས་བཞིན་པ་འདི་ནི་རང་ཉིད་རབ་བྱུང་བ་མི་བྱེད་ཅེས་པའི་སྐད་ཆ་བཤད་པ་མ་ཡིན་ནམ།
དུངས་བརྗོད་སྙན་ངག་ཅེས་བཤད་ཡོང་དུས་ཕོ་མོའི་བརྩེ་བ་བརྗོད་པ་ཙམ་དུ་གོ་བ་ལེན་ཐུབ་ཀི་མེད།ཡིན་ན་ཡང་ང་ཚོས་དུངས་བརྗོད་སྙན་ངག་བྲིས་ཡོང་དུས་ཕལ་ཆར་ཕོ་མོའི་འབྲེལ་བ་བརྗོད་པ་ཤ་སྟག་ཏུ་སྲིད་དོ།།


 

ཆེས་གསར་བའི་དྲི་བ། ཟླ 2 12 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,493 )

སྐུ་ཉིད ནང་འཇུག གམ་ཡང་ ཐོ་འགོད བྱས་རྗེས་དྲི་བར་ལན་བཏབ་ན་ཆོག


ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...