འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འཁོར་བའི་ངོས་ཀྱི་ཉིན་མཚན།

འདེམ་ཤོག 0

འཁོར་བའི་ངོས་ཀྱི་ཉིན་མཚན།

     རྨ་རྣོ་མདའ།

བརྩེ་བའི་མེ་ཏོག་དམར་སྨུག་སེམས་སུ་ཉར།།
མ་བཅོས་དུངས་སྣང་རི་མོ་ཁམས་འདིར་བཞད།།
འཁོར་བའི་ངོས་ཀྱི་ཉིན་མཚན་བསྣོལ་མཚམས་ན།།
དགྲ་གཉེན་ཆགས་སྡང་རྩོད་པའི་སྨུག་སྤྲིན་གཡོ།།

བསམ་གཞིགས་སྡོང་ལོ་འདར་བའི་བསིལ་གྲིབ་འོག།
དར་རྒུད་འཚོ་བའི་ལོ་རྒྱུས་མངར་ཞིང་སྐྱུར།།
ཡིག་འབྲུའི་གཡང་དཀར་ལུག་ཁྱུ་འཚོ་བཞིན་དུ།།
མ་འོངས་གླིང་བུ་རྟ་ནག་སྒྲོག་འགྲོས་བྱེད།།

སྲིད་པའི་བདེ་འབྲས་ལན་ཚྭའི་ཆུ་དང་འདྲ།།
ཅི་ཙམ་འཐུང་ཡང་དེ་ཙམ་ཞེན་པར་འགྱུར།།
སྣང་བའི་རྒྱལ་ཁམས་བདེན་པའི་མ་རྟོགས་པར།།
བཅོས་མའི་རྨི་ལམ་ཀློང་ལས་སད་པར་དཀའ།།

ཚེ་ཡི་གྲུ་གཟིངས་ཕྱི་མའི་ཕྱོགས་སུ་གཞོལ།།
སེམས་ཀྱི་འདུན་པ་རྟག་བརྟན་རི་ལ་སྙེག།
ཕྱི་ནང་སྒྱུ་མའི་གཡོ་འཕྲུལ་སྐྱོམ་པའི་གར།།
བསམ་ཞིང་བསམ་ན་ཨ་ཐང་ཆད་པར་ངེས།།

སྐྱིད་སྣང་མེ་ཏོག་འདབ་མ་རླུང་གིས་ལྡེམ།།
ལས་ཀྱིས་ཁོམ་ལོང་སྤྲད་པ་ད་རེས་ཙམ།།
རྣམ་དཔྱོད་ཕྲན་བུའི་ཞགས་ཐག་བསྲིངས་བྱས་དེ།།
སྤོབས་པའི་རྒྱལ་ཁམས་སྔོག་བཞིན་ངལ་བ་རྩོམ།།

གདོད་མའི་རི་གྲོང་མི་འགྱུར་སོམ་ཉིའི་བཅུན།།
སྲིད་པའི་མཚོ་ཆེན་འཕྱུར་མིན་སུ་ཡིས་ཤེས།།
རྟོགས་མེད་ཆོས་ཉིད་ཟབ་མོའི་ཕ་མཐའ་ཀུན།།
རྟོགས་པར་མ་ནུས་བདག་སེམས་བྱིས་པའི་བློ།།

འཆར་ཡན་སེམས་ཚོར་བསྲུབས་པའི་རྟོག་འགྱུ་འདི།།
སྙན་རྩོམ་འབྲི་མར་ལེན་པའི་ཐབས་མཆོག་ཡིན།།
དུས་ཀྱི་འགྱུར་བག་རྒོད་པོའི་བར་གླགས་ནས།།
རྨོངས་བའི་གོམ་ཁ་འཁྱོར་བ་ཅི་ཞིག་ལགས།།

ཞེན་སྣང་དམར་པོའི་འདབ་མ་སྲིད་པར་ཟུམ།།
ལྡོག་མེད་ལས་ཀྱིས་དེད་པ་འཁོར་བའི་གཤིས།།
མ་དག་ཆུ་རྡུལ་ཡོལ་བ་འཐེན་པའི་ཁྱོན།།
འགལ་རྐྱེན་སྟོང་གི་ཁ་ཚར་བར་མེད་ལྡེམ།།

དོན་མེད་ལོ་ཟླའི་ཉིན་སྲབ་ཉུལ་བའི་མཐར།།
མི་འདོད་སྡུག་གི་ན་རྒའི་དུག་ཚེར་གཟེངས།།
མ་གྲུབ་རྣམ་རྟོག་རྨུ་ཐག་གང་སར་འཐེན།།
སྨྱུག་གུའི་ཁ་རུ་ལུད་པ་ཚོར་བའི་ཚིག།།

སྣང་བརྙན་གཟུགས་མེད་སྣང་བའི་མ་བཏང་བར།།
འཆི་དུག་ཆང་སྐྱུར་གསོ་བྱེད་སྨན་བཞིན་འཐུང་།།
བྱེ་ཐང་རྗེས་ཤུལ་སྐད་ཅིག་བསུབ་འགྲོ་བའི།།
རང་ལམ་རང་གིས་རྙེད་པ་སུ་ཞིག་མཆིས།།

ཕར་བལྟས་ཉི་མའི་འོད་སྣང་གསལ་བའི་ལྗོངས།།
ཡིད་རྟོན་ཞེན་པའི་གཤོག་ཟུང་བརྐྱངས་ན་ཡང་།།
འདུ་འབྲལ་ཆོས་ཉིད་སྲབ་ཀྱིས་བཅུན་དྲགས་པས།།
ཡོད་ཚད་སྨུག་རྒྱུའི་ཟོལ་གྱིས་དབྱིངས་སུ་ཡལ།།

  


 

ཆེས་གསར་བའི་དྲི་བ། ཟླ 2 15 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...