འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཨ་ལན་ཟླ་བ་སྒྲོལ་མ་དང་ཁམས་པའི་བརྙན་འཕྲིན་ཁང་།

འདེམ་ཤོག 0

  ཨ་ལན་ཟླ་བ་སྒྲོལ་མ་དང་ཁམས་པའི་བརྙན་འཕྲིན་ཁང་།
  ཡིད་ལྷུང་བ།ཁྲག་མདའ།
ཡར་སྔོན་རྒྱལ་སྤྱིའི་གར་སྟེགས་ཐོག་ནས་བོད་སྐད་དང་བོད་ཡིག་མ་ཤེས་པའི་རྐྱེན་གྱིས་སྡུག་བསྔལ་གྱི་མིག་ཆུ་བཞུར་མྱོངས་ཡོད་པའི་ཨ་ལན་ཟླ་བ་སྒྲོལ་མ།
ཨ་ལན་ཟླ་བ་སྒྲོལ་མ་ལ་ཆ་མཚོན་ན་རྒྱལ་ཕྱི་ཀུན་ལ་ཆེས་སྐད་གྲགས་ཡོད་པའི་སྐད་ངག་གི་སྒྱུ་རྩལ་བ་ཆེས་དམིགས་བསལ་བ་ཞིག་ཡིན་མོད།འུ་ཚང་བོད་པ་ཚོ་ལ་གླུ་བ་གླུ་མ་གྲངས་ལས་འདས་པ་ཞིག་ཡོད་ན་ཡང་ཨ་ལན་ཁྱོད་རང་གི་སྐད་ངག་གི་སྒྱུ་རྩལ་ནི་ཆེས་རྨད་དུ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་མི་ཆོག་པ་ཅི་ལ་མེད།མ་གཞི་བོད་ཞིག་ཡིན་པའི་ངང་ནས་བཤད་ན་བོད་སྐད་དང་བོད་ཡིག་མ་ཤེས་པ་ནི་ཧ་ཅང་སྐྱོ་དགོས་པའི་གནས་ཡུལ་ཞིག་ཡིན་ལ།ཡིན་ནའང་ཨ་ལན་ཟླ་བ་སྒྲོལ་མ་ནི་གཅིག་བྱས་ན་ཁག་ཡེ་ནས་མེད་པར་སྙམ།ཁོ་མོའི་ཕ་མ་རྣམ་གཉིས་ཀྱིས་བོད་སྐད་དང་བོད་ཡིག་གི་ལམ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་སྤྲོད་མེད་པར་ཡིན་ཞིག་ཤས་སྣང་།རྒྱ་ནང་གི་སློབ་གྲྭའི་ནང་ནས་རྒྱ་ཡིག་ལས་བོད་ཡིག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་མེད་པ་དེ་ཡིན་མོད་སྙམ།ད་དུང་བོད་ལ་ཤ་ཞེན་དང་བོད་ཡིག་བོད་སྐད་མ་ཤེས་པའི་སེམས་ཁུར་རེ་ཡོད་པ་ནི་ཨ་ལན་ཁྱོད་རང་བོད་ལ་དུང་བའི་གཟི་བརྗིད་ཉག་གཅིག་རེད་ཨང་སྙམ།
ད་ཐེངས་ཁྱོད་རང་གནམ་ལོ་གསར་བའི་སྐབས་ལ་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་སྤྲོ་ཚོགས་ཆེན་པོའི་ལམ་ནས་བོད་གཞས་སྙན་མོ་ཞིག་ལེན་ཡོད་པ་ནི་ཧ་ཅང་འུ་ཅག་ལ་དགའ་སྤྲོས་ཁེངས་འོས་པའི་ཉིན་མོ་ཞིག་ཡིན་ནམ་སྙམ།གཅིག་བྱས་ན་ཁྱོད་རང་བོད་ཞིག་ཡིན་པ་དེ་བས་ཀྱང་ཧ་ལས་དགོས་པ་གང་ཡང་མེད།
བོད་པས་བོད་ཡིག་དང་བོད་སྐད་ལབ་དགོས་པ་ནི་ཕྲག་ཏུ་འབབ་འོས་འགན་ལྕི་མོ་ཞིག་མ་རེད་དམ།
ཡིན་ནའང་དེང་སང་འུ་ཅག་གླུ་མ་གླུ་བ་ཕལ་ཆེར་རང་ཚུགས་ཤོར་བཞིན་པའི་དུས་འདི་ནས་ཁྱོད་རང་བོད་སྐད་ཀྱི་ལམ་ནས་གོམ་པ་སྤོ་ཐུབ་ཡོད་པ་ནི་ལྷག་ཏུ་དགའ་འོས་པའི་ཉིན་མོ་དམིགས་བསལ་བ་ཞིག་ཅི་ལ་མིན།ད་དུང་དེ་ལས་མ་ཚད་རང་མི་རིགས་ཀྱི་ཕ་སྐད་གསེར་གྱི་མ་ཡིག་ཉག་ཕྲ་བ་འགྲོ་བཞིན་པའི་སྒང་འདི་ནས་ཁྱོད་རང་ཕ་སྐད་མ་ཡིག་གི་ལམ་ནས་གཟི་འོད་ཀྱི་འོད་ཟེར་འཛམ་གླིང་རྒྱ་ཕྱིན་ཀུན་ལ་ཁྱབ་ཅི་ཡོད་པ་ནི་ལྷག་ཏུ་རང་མི་རིགས་ལ་གཟི་བརྗིད་ཉག་གཅིག་སྒྲོན་ཡོད་པ་དེའོ།།དེ་བས་ཁྱོད་རང་ལ་རྟེན་འབྲེལ་དང་བསྟོད་བསྔགས་བྱེད་ན་འོས་ཤིང་འཚམས།ད་དུང་མུ་མཐུད་དུ་ཨ་ལན་ཟླ་བ་སྒྲོལ་མ་ཁྱོད་རང་ཕ་སྐད་མ་ཡིག་ལམ་ནས་གོམ་པ་སྤོ་ཐུབ་དགོས་པ་ནི་ཁོ་བོའི་རེ་བ་དམིགས་བསལ་བ་ཞིག་ཡིན།ཨ་ལན་ཟླ་བ་སྒྲོལ་མ་ཁྱོད་རང་རང་ཚུགས་མ་ཤོར་པའི་སྒོ་ནས་བོད་ལ་དུང་བ་དང་ཤ་ཞེན་ཡོད་པར་གྱུར་ཅིག། 
       ད་ཐེངས་གནམ་ལོ་གསར་ཚེས་ལ།།
        ཕ་སྐད་མ་ཡིག་གསོན་པོ་དེ།།
        འཛམ་གླིང་ཀུན་ཏུ་ཁྱབ་པ་ནི།།
        ཨ་ལན་ཁྱོད་ཀྱིས་བཀའ་དྲིན་ཡིན།།

ད་དུང་ཞོར་དུ་ཞུ་དགོས་པ་ཞིག་ནི་ད་ལོ་2018ལོའི་ཁམས་པའི་བོད་སྐད་བརྙན་འཕྲིན་ལོ་སར་སྤྲོ་ཚོགས་ཆེན་པོ་སྔོན་དང་མི་འདྲ་བའི་དམིགས་བསལ་བའི་གདེང་འཇོག་ཆེན་པོ་ཞིག་ལ་སླེབས་ཡོད་པར་སྣང་།དེ་ལ་ལྷག་ཏུ་ཁ་གཡང་དཀར་པོའི་ངང་ནས་་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞེས་ཞུ་ན་འོས་ཤིང་འཚམས་ལ།ཡིན་ནའང་བཀྲ་ཤིས་མི་ཤེས་པ་ཞིག་ནི་མདོ་འཛིན་བ་བྱམས་པ་རྡོ་རྗེས་མྱི་མ་ཡིན་པ་ཞིག་ལ་འཚམས་འདྲི་བྱེད་པ་དེ་ནི་ཡིད་དུ་མི་འོང་བ་ཞིག་རེད་ཨང་སྙམ།ཚེ་ལོ་བཅུ་བ་ཟེར་བའི་དུས་ཤིག་ཡོད་ན་དེ་ཚེས་རན་པའི་སྔོན་བལྟས་ཤིག་མ་རེད་དམ།ད་དུང་མདོ་འཛིན་པ་བྱམས་པ་རྡོ་རྗེ་ཁྱོད་རང་ལེགས་པོ་ཞིག་ཐོས་བསམ་བཞེས་དགོས་པར་སྣང་།མ་ཚད་ཁྱོད་རང་མདོ་འཛིན་པ་ཞིག་ཡིན་པའི་ངང་ནས་ལབ་ན་སྐད་ངག་གི་སྒྱུ་རྩལ་དང་ལུས་ཀྱི་ཉམས་འགྱུར་ལ་དམིགས་བསལ་བའི་ཁྱད་ཆོས་ཤིག་ལ་སླེབས་མེད་པར་སྙམ།  དེ་བས་ད་དུང་སྦྱོང་པ་རེ་བྱེད་དགོས་ན་ཁྱོད་རང་ལོ་གྲངས་རྒས་ཆེ་སོང་བས་ཐབས་ཅི་ཡང་མེད་ལ། ཡིན་ནའང་ཁྱོད་རང་རང་ཚུགས་མ་ཤོར་བའི་ངང་ནས་བརྟན་ན་རབ་ཏུ་ཡག    དེ་བས་བརྟན་པར་གྱུར་ཅིག    མ་ཚད་མདོ་འཛིན་པ་གཞན་མིན་རྣ་པར་མུ་མཐུད་དུ་སྐད་ངག་གི་སྒྱུ་རྩལ་དང་ལུས་ཀྱི་ཉམས་འགྱུར་གྱི་ལམ་ནས་གདེངས་འཇོག་ཆེན་པོ་རེ་ཡོང་བར་སྨོན་ནོ།།  ས་ཕོ་ཁྱི་ཡི་ལོ་ལ་བོད་ཕྱི་ནང་ཀུན་ལ་གནས་པའི་ཕུ་ནུ་མིང་སྲིང་དག་ཁ་བའི་རླུང་རྟ་དར་བ་དང་ཅི་བསམ་ལྷུན་གྱིས་འགྲུབ་པར་གྱུར་ཅིག     བཀྲ་ཤིས་བདེ་ལེགས།
 
2018:::2:::18ཉིན་ཕ་ཡུལ་ཐང་ཆེན་མ་ནས་ཁམས་སྡེ་དགེ་ཁྲོ་ཡིད་ལྷུང་བ་ཁྲག་མདའ་འབོད་པས་ས་ཕོ་ཁྱི་ཡི་ལོ་ལ་སྦྱར་བའོ།


 

ཆེས་གསར་བའི་དྲི་བ། ཟླ 2 18 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...