འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ད་ལོ་ཕ་ཡུལ་ན་ལོ་སར་བསུ་བཞིན་ཡོད།

འདེམ་ཤོག 0

ད་ལོ་ཕ་ཡུལ་ན་ལོ་སར་བསུ་བཞིན་ཡོད།

- མགོན་སྣང་སྐྱེས།
ད་ལོའི་ལོ་འདིར་ང་ལ་མཚོན་ན་དམིགས་གསལ་ཞིག་ཡིན།
ང་རང་ཆུང་དུས་སུ་གྲོང་ཁྱེར་ནས་ལོ་སར་མང་བོ་བྱས་མྱོང་།
གྲོང་ཁྱེར་གྱི་ལོ་སར་ལ་རོལ་སྟངས་ནི་ཁང་བ་གྲུ་བཞི་ཞིག་ནས།
ཁྱིམ་མི་ཚོས་ཟ་མ་སྟབས་བདེ་ཞིག་ལ་རོལ་བཞིན།
བརྙན་འཕྲིན་ལ་བལྟ་བཞིན་ཁ་པར་རྩེད་བཞིན།
ཨ་མས་ཟ་མ་འགའ་གཡོ་སྦྱོར་བྱས་ཚེ།
ཨ་ཕས་ཆང་དཀར་འགའ་ནམ་བཏེགས་ནས།
བཟི་གཏམ་འགའ་ས་རུ་གཏོར་འཕྲོར།
ལོ་སར་ལ་རྫོགས་ཚིག་བཀོད་པ་མ་ཡིན་ནམ།
གཞན་ང་ཡིས་དགོན་སྡེ་ནས་ལོ་སར་ལ་རོལ་མྱོང་།
དགོན་བདག་བླ་མར་ལོ་སར་འབུལ་བ་གལ་ཆེ།
འདུ་ཁང་ནང་ནས་དགེ་འདུན་པ་རྣམས་ལྷན་ཚོགས་བྱས་ནས།
ཆོས་སྤྱོད་སོགས་བསྟོད་པ་དང་སྨོན་ལམ་སོགས་བཏོན་ཚེ།
གྲྭ་རྐྱང་ང་ཚོར་རང་ཤག་ནས་ཁ་རོག་གེར་ལྷིང་འཇགས་ཀྱི་དགོན་སྡེ་ནས་ལོ་སར་དེར་ཁུ་སིམ་པོར་བསྐྱལ་དགོས།
ད་ལོ་ང་རང་ཕ་ཡུལ་ན་ལོ་སར་བཞིན་ཡོད།
འབྲོག་སྡེ་ཆེན་མོ་འདི་ནས
ལོ་བཅུ་ལ་མ་རྙེད་པའི་ཤེས་བྱ་མང་བོ་ཞིག་རྙེད།
རྩ་བའི་བླ་མ་དང་དཀོན་མཆོག་གསུམ་ལ
མཆོད་པ་འབུལ་སྟངས་བསང་ཁྲིའི་སྟེང་ལ
རྟེན་འབྲེལ་གྱི་རི་མོ་ཕབ་སྟངས།གུས་བཀུར་བྱེད་སྟངས།
མགྲོན་པོ་བསུ་སྟངས།ཇ་མགྲོན་བྱེད་སྟངས།
མཐའ་ན་ལོ་སར་མེད་པའི་ཁྱིམ་ཚང་ལ
སྔ་ས་ནས་ལོ་སྐལ་སྟེར་བ་སོགས།
མེས་པོའི་སྲོལ་རྒྱུན་གང་མང་ཞིག
ང་ཡི་སེམས་དབུས་སུ་ཉར་བར་དགའ་བ་ལ།
བོད་པ་ཞིག་གི་བོད་པའི་ལོ་སར་དངོས་མ་ཤེས་སོང་།
ང་རང་ཕ་ཡུལ་གྱི་ས་སྒང་དང་སྤང་ཐང་
ཆུ་དང་ཆུ་མགོ་རྟ་ནོར་ལུག་གསུམ་ལ་དུངས་པ
སྔར་ལས་ལྷག་པ་ཞིག་ཆགས་སོང་།
ང་ཡི་རེ་བར་འབྲོག་ཁུལ་ནས་འབྲོག་ཁྱི་དང་ལྷན་དུ་ལོ་སར་ན།
ལོ་གསར་བ་འདིའི་ལོར་འདིར
ང་ཡི་བོད་ཡུལ་དང་ཕ་ཡུལ་ལ་སྔར་ལས་ལྷག་པའི་སྲི་ཞུ
བསྒྲུབ་ཐུབ་པའི་རྟེན་འབྲེལ་འགྲིག་སོང་བསམ་ཡོད།
    ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།


 

ཆེས་གསར་བའི་དྲི་བ། ཟླ 2 18 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...