འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།སྐད་ཡིག་གི་སྲོག་ཚབ་བྱས་སྟེ་བོད་ལ་སྐུར་བའི་འཕྲིན་ཐུང་བཅུ་གཅིག

འདེམ་ཤོག 0

༄༅།།སྐད་ཡིག་གི་སྲོག་ཚབ་བྱས་སྟེ་བོད་ལ་སྐུར་བའི་འཕྲིན་ཐུང་བཅུ་གཅིག                                                                                   

དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།                                              


༡ མི་རིགས་འདི་བྱ་ཞིག་ཡིན་པའི་དབང་དུ་བྱས་ན་སྐད་དང་ཡི་གེ་ནི་དེའི་གཤོག་པ་ཆ་གཅིག་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད།                                                    


༢ རང་མི་རིགས་ཀྱི་སྐད་དང་ཡི་གེར་ཤ་ཞེན་མེད་པ་དང་དོ་སྣང་མི་བྱེད་པའི་མི་དག་ནི་གཉོམ་ཆུང་ནུས་མེད་ཀྱི་བྱིས་པ་བསམ་མེད་ཅིག་དང་ཇི་འདྲའི་མཚུངས་ཨང་།།                                                               


༣ སྦྲགས་སྐད་བཤད་ཅིང་སྦྲགས་ཡིག་བྲིས་པ་ནི་མི་རིགས་དང་ཕ་མེས་ཡང་མེས་ཚོའི་སྟེང་ལ་དགྲ་བོའི་མེ་མདས་བརྒྱབ་པ་དང་ཁྱད་པར་ཅི་ཡོད་དམ།                                  


༤ ཕ་མ་ཚོས་བུ་ཕྲུག་ལ་མི་རིགས་གཞན་པའི་སློབ་གསོ་མྱོང་དུ་བཅུག་པ་ནི།  རང་གི་བུ་རབས་ཚ་རྒྱུད་དང་བཅས་པ་གསོན་པོར་དུར་འཇུག་བྱས་པ་དང་ཁྱད་ཅི་ཡོད།                                                                


༥ བསམ་པ་རྣམ་དག་གིས་རང་གི་སྐད་ཡིག་དེ་དུས་ནམ་ཡང་བཀོལ་ཞིང་སྤྱོད་པ་ནི་ཡ་རབས་དང་རང་ཚུགས་བརྟན་པའི་རྟག་ཡིན།                                     


༦ མི་ཡོད་ཚད་ལ་དོགས་ཟོན་དང་ཁོང་ཁྲོ་ལངས་མི་དགོས་མོད།  འོན་ཀྱང་བསྲེས་སྐད་བསྲེས་ཡིག་གི་ཉེན་ཁ་ལ་ཐུག་དུས་ཚོར་བ་རྣོ་ལ་སྤྱང་གྲུང་དོད་པོ་བྱེད་དགོས།                                        


༧ མི་རིགས་ལ་དགའ་ཞིང་སྐད་ཡིག་ལ་དུང་བའི་མི་ཞིག་ཡིན་ན།  གཏམ་བཟང་ངན་གང་ཡིན་ཡང་དྲང་མོར་བཤད་དགོས་པའོ།།                                                


༨ སྐད་དང་ཡི་གེ་མ་གཏོགས་མི་རིགས་སྐྱོབ་ཐུབ་པའི་རིན་ཆེན་ནོར་བུ་མེད་པའོ།།                                                  


༩ མི་སུ་ཞིག་གིས་སྐད་ཡིག་གི་ལས་དོན་ལ་བྱས་རྗེས་བཞག་སྲིད་ནའང་།  དེ་སུ་ཡིན་གང་ཡིན་རྩད་གཅོད་བྱེད་དགོས་དོན་མེད་པར།  གཙོ་བོ་དེའི་རྗེས་སུ་འབྲང་ཞིང་གུས་བཀུར་བྱེད་དགོས་པ་དེའོ།།                                             


༡༠ རང་ཉིད་ནས་འགོ་རྩོམ་སྟེ་མི་རེ་རེའི་ལག་ལེན་དང་ནུས་པ་ལ་བརྟེན་ནས་སྐད་ཡིག་སྐྱོབ་པའི་ཐབས་ལ་འབད་དགོས་པ་ལས།  ཆེན་པོ་གང་ཞིག་དང་མཁས་པ་སུ་ཞིག་ལས་གྲུབ་འབྲས་ཐོབ་པའི་རེ་བ་ཁོ་ན་འཆང་མི་རུང་ངོ་།།                                                       


༡༡ རང་ཉིད་གནས་སའི་ཁོར་ཡུག་ཏུ་མི་རིགས་གཞན་ཡོད་མེད་ལ་མ་བལྟོས་པར།  རང་གི་སྐད་ཡིག་རང་གིས་སྤྱོད་དགོས་པ་ལས།  གཞན་སྐད་སྨྲས་བས་ཁྱེད་ལ་དཔའ་དར་མི་འཐེན་པ་ནི་སུ་ལ་འང་སྨྲ་མི་དགོས་སོ།།                              


 

ཆེས་གསར་བའི་དྲི་བ། ཟླ 3 9 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...