འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བསོད་ཐར་གྱི་འདོད་གཏམ་སྐྱུར་ཁ་མ་གཉིས།

འདེམ་ཤོག 0

བསོད་ཐར་གྱི་འདོད་གཏམ་སྐྱུར་ཁ་མ་གཉིས།


༡༽འཁྲིག་ཡུལ་ལྷ་མོ་མཇལ་ཙམ།          

བྲང་ནུ་འབུར་ཞིང་སྐེ་རིང་བ།།
ལུས་སྨད་ལྕི་ཞིང་སྦོམ་པ་དང་།།
རྣམ་འགྱུར་ཉིད་ལས་གཏམ་བཤད་པ།།
ཆགས་ཡུལ་སྒེག་མའི་ཟིལ་ཤུགས་ཙམ།།

རེག་ན་མཉེན་ཞིང་ཤ་ཚུགས་ལྷོད།།
ངུ་བའི་སྒྲ་དང་གཟེར་སྣང་ཅན།།
དགའ་ཚུལ་དྲན་ཚུལ་ལྐོག་གཏམ་བྱེད།།
ཆགས་ཡུལ་བུ་མོའི་མཐུ་རྩལ་ཙམ།།

སྦྱོར་ན་ཚོར་དྲུག་རབ་རིབ་སྦྲིད།།
ངུ་མ་དགོད་ཀྱི་གཏམ་འཆའ་ཤོར།།
བུ་ག་འཇམ་ཞིང་ཤུགས་ཀྱིས་དམ།།
ཆགས་ཡུལ་ལྷ་མོ་སྒྱུ་རྩལ་ཙམ།།

རོལ་མ་མྱོང་བའི་གྲོགས་པོ་
ཞིག་གི་སྐད་ཆ་དང་བསྟུན་ནས་ལན་དུ་ཁ་མཚར་ངང་བྲིས་པ།

                  
༢༽འབྲོག་མོ་ཞིག་ཆགས་པར་སྤྱོད་པའི་ཚིམ་སྒྲ།
            
མལ་ཁྲི་སྤུ་དང་རྩྭ་ལུད་སྦགས་པ་དང་།།
མལ་མགོ་གོས་དང་རྐེད་རགས་འཇོག་མཁན་དེ།།
མལ་ཁེབས་ལུག་ལྤགས་བརྩེགས་པའི་ཚ་དྲོད་ཅན།།
མལ་མཐའ་ལྷམ་དང་ནང་དོར་འཕེན་མཁན་སུ།།

རུམ་ཁ་ཕྱེས་ན་ང་ལ་དགའ་བའི་རྟགས།།
མིག་ཙམ་མི་བརྡེབ་ང་ལ་ཅེར་རེ་ལྟ།།
ཡུན་རིང་ཞིག་གི་སྐྱོ་གདུང་འཛུམ་ལས་བསྟན།།
ལྟ་གིན་ལྟ་ལ་ཇེ་གཅེས་ཇེ་མཛེས་རེད།།

སེམས་གཉིས་མཛའ་ན་ལུས་གཉིས་མི་མཛའ་གང་།།
མཉམ་དུ་བཤིབ་ཅིང་གཙུབ་བརྡར་བྱེད་གྱུར་ན།།
ངང་གིས་ཨིན་ཧུད་གསུང་བྱོན་སུ་ཡིན་ནམ།།
འགྲམ་གཉིས་གཏུགས་ན་འཇམ་ལ་ཚ་དྲོད་འབར།།

གཅིག་ངོ་གཅིག་ལ་འཛུམ་དམུལ་བལྟ་བྱས་ཏེ།།
འོ་རེ་བཅའ་ཙམ་སྦྱོར་ཙམ་བྱེད་གྱུར་ན།།
རང་བཞིན་མགུལ་ལ་དམ་གྱི་འཐོམ་མཛད་མ།།
དབུགས་ཀྱི་རྒྱུ་བ་ཇེ་ནས་ཇེ་མགྱོགས་ཅི།།

སྐེད་ལ་འཁྱུད་ཅིང་ཉེ་སར་བརྣུར་གྱུར་ན།།
ལག་པ་མི་འགུལ་པུས་མོས་མཇེ་རྩ་མནན།།
གསང་དོར་ཁ་ནས་ལག་གཡས་ནང་དུ་དྲངས།།
ཨོང་མགོ་བྱིལ་ཙམ་འཕུར་ཙམ་ཅི་མི་མཚར།།

ཞི་གནས་ལྷག་མ་དྲག་པོས་རབ་རྩེད་པ།།
མཆུ་ཙམ་མིན་པ་ལྕེ་རྩེ་གཏུགས་ཏེ་ནུས།།
མོ་ཡི་རྣ་རྩ་བལྡག་ཅིང་འཇིབ་པ་ན།།
ང་ཡི་སྐེ་ལ་སོ་འཆའ་ངུ་སྒྲ་བཏོན།།

བྲང་ལ་འཕུར་འཕུར་ནུ་མགོ་དམར་རྡོག་རྩེར།།
སེན་རྩེས་བྲེག་ཅིང་བྱིས་རློན་ལྟ་བུ་ངང་།།
ལྕེ་རྩེས་དེད་ཅིང་ཤུགས་ཀྱིས་འཇིབ་པས་ན།།
མི་བཟོད་སེན་མོས་ངའི་རྒྱབ་རྨ་ཤུལ་ཕབས།།

རང་ལ་གང་དགོས་སྒྲུབ་པ་མི་ངལ་བ།།
བརླ་སྒོ་གདངས་ཤིང་ཧིན་ཧིན་གན་རྐྱལ་ལོག །
འཇུག་སྒོ་བསྟན་པ་ངང་གིས་ཤེས་ནའང་།།
ཕྱིར་བསྒྱངས་བྱས་ཏེ་མཚན་ཁའི་རྩེད་ལ་རོལ།།

ཚོན་གྱིས་བྱ་ལེ་དཀྲུག་ཅིང་འདར་ཤུགས་བྱིན།།
སྐབས་ཤིག་མཚན་ཁ་ལག་པས་འཇམ་འཕྲུག་བྱས།།
ཚོན་ཀན་གཉིས་ཀྱིས་ནང་གི་ལྡིང་ཁང་དུ།།
དཀྲུག་ཅིང་བྲེག་པས་གཤེར་ཆུ་སྒོ་རུ་བཞུར།།

ཡང་ནས་ཡང་དུ་འདོད་པའི་རྩལ་རྩེད་ཀྱིས།།
མགོ་རྐུབ་མ་ལུས་ཅི་མཚར་བྱས་པ་ན།།
དཔྲལ་མཚམས་བྲང་ནས་རྔུལ་ཆུ་ཐིགས་ཐིགས་ལྷུང་།།
བརླ་ཁུག་རློན་པ་དབྱར་དུས་སྤང་རློན་འདྲ།།

སྟུ་སྒོ་པདྨ་བཞད་པའི་འདབ་དབུས་སུ།།
བདེ་འབྱུང་བུ་གས་ཉམས་ཀྱིས་གུས་བཏུད་ཚེ།།
མཇེ་མགོ་འཇང་ལ་ཟླུམ་ཞིང་ནོར་བུ་འདྲ།།
ལྷོད་ཀྱིས་འདེད་པས་ནང་དུ་མཁྲང་ཞིང་ཞུགས།།

འདེད་ཙམ་འདེད་ཙམ་ཚ་དེད་བྱ་མི་རུང་།།
ག་ལེ་ཧྲིལ་གྱིས་གཏིང་དུ་ནུབ་པས་ན།།
བརླ་བགྲད་བྱ་རྒོད་གཤོག་རྒྱོང་བྱས་འདྲའི་སྟེང་།།
སྦལ་ཕྲུག་བཞིན་དུ་འཕག་པའི་སྐལ་བ་ཆེ།།

ཅི་ཙམ་སྤྱོད་ཀྱང་འདོད་སྤྲོ་ཇེ་ཟབ་ཏུ།།
བུད་མེད་རྣམས་ནི་ལྷག་པར་འགྲོ་བ་ཡིན།།
རང་ཙམ་མིན་པ་མོ་ཡི་སླད་རྐྱེན་གྱིས།།
རྐེད་དང་རྐང་བ་ན་བའི་བར་དུ་འཁྲུགས། །

སྟེང་དུ་ཞོན་བཅུག་རྟ་ཕོ་རྒྱུག་རྒྱུག་རེད།།
འོག་ནས་གདེག་ཡིན་འཁོར་ལོ་འཁོར་འཁོར་རེད།།
ཟུར་ནས་བསྣུབ་ཡིན་དར་ལྕེ་རྡེབ་རྡེབ་རེད།།
ལོངས་སྤྱོད་རྫོགས་པ་བྲལ་བ་ཆགས་ལྡན་སུ།།

གཞན་ཡང་དུད་ཚོགས་བཞིན་དུ་སྤྱོད་ལུགས་དེ།།
བརླ་རྩ་འཕོང་མགོ་སྦྱར་ན་ཚོར་བ་འཇམ།།
དྲག་མགྱོགས་རན་པས་ཡུན་དུ་སྣུབ་པས་ན།།
དགའ་བདེའི་ཚོར་བ་སྤྲིན་ལ་ཆིབས་པ་འདྲ།།

གཉིས་ཀ་ངོ་གདོང་ཁྲག་གིས་རབ་དམར་ཞིང་།།
ལུས་ཀུན་རློན་པའི་རླངས་པ་ཐུལ་ལེ་གཡོཊ།།
ལུས་ཟུངས་བདུན་གྱི་དྭངས་མ་ཁུ་དཀར་དེ།།
བསམ་སེའུ་རྩ་མདུད་ཀློང་ནས་ཤུགས་ཀྱིས་དྲངས།།

མཚན་མའི་སྒོ་རུ་མཆོད་པའི་ཚབ་ཏུ་ཕྱུང་།།
གཅེར་བུ་ལོག་པའི་ང་ཡི་ཡི་དམ་མ།།
ཐུགས་ཀྱི་སྐོང་གསོ་གཞན་ལས་བླ་མེད་སྦྱིན །།
བཀའ་དྲིན་ཞུ་ཆེད་འོ་དག་ཡང་ཡང་སྦྱར།།

བུད་མེད་འགའ་ཡི་ཁ་ནང་འབུད་ཚད་ལ།།
རང་བློ་མཐུན་པའི་ཆགས་སྤྱོད་རེ་ཟུང་ཡང་།།
མ་མྱོང་མ་ཚིམ་ཟེར་བའི་གཏམ་མང་ཐོས།།
དེ་ནི་བདེན་པར་གྲུབ་པའི་གཏམ་ཞིག་རེད།།

རོང་འབྲོག་སྐྱེས་པས་རང་ཉིད་མ་གཏོགས་མེད།།
སྤྱིར་ན་འདོད་པའི་སྔོན་འགྲོ་གལ་ཆེ་ལ།།
བར་དུ་འཇུག་པའི་དུས་ཡུན་རིང་བར་གལ།།
མཐའ་མ་བུད་མེད་ཚིམ་པའི་བར་དུ་གལ།།

ནུ་མ་མན་ནས་སྤུས་མོ་བར་མཚམས་སུ།།
འདོད་མྱོས་སྐྱེད་པའི་ཞིང་ས་ཡིན་པར་གསུང་།།
སྤྱོད་ལུགས་སྒྱུ་རྩལ་ཡང་དག་བཅུ་བདུན་ཡོད།།
རིམ་གྱིས་སྤྱོད་ཅིང་རྫོགས་པའི་བར་དུ་སྤྱོད།།

དེ་ལྟར་བྱས་ན་འདོད་སྤྱོད་སྔོན་ཐོན་ཡིན།།
རང་དང་ཉེ་བའི་མཛའ་ཡང་བློ་ཁ་བདེ།།
དེ་ཕྱིར་འདོད་སྤྱོད་མི་འདོད་སུ་ཞིག་ཡོད།།
སྤྱོད་ན་སྤྱོད་ཕུགས་གསར་བཟོ་ཡོད་པར་མཛོད།།


 

ཆེས་གསར་བའི་དྲི་བ། ཟླ 3 13 རིགས་གྲས།:འདོད་གཏམ་གྱི་སྐོར། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...