འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ང་ཚོའི་ཚོགས་འདུ་ཕལ་ཆེར་འདི་མོ་རེད།

འདེམ་ཤོག 0

ང་ཚོའི་ཚོགས་འདུ་ཕལ་ཆེར་འདི་མོ་རེད།

         རྨ་སོག་མདུང་རིང་། 

            
ཀ་ཕྲེང་བཞིན་དུ་བསྒྲིགས་པའི་ཚོགས་ཁང་ནས།།
ཁ་ངོ་རྡོ་སོལ་འདྲ་བའི་འགོ་ཁྲིད་ཅིག།
ག་ལེར་འདུག་སྟེག་སྟེང་ནས་མར་འཁོར་དེ།།
ང་ཚོ་དགེ་རྒན་རྣམས་ལ་འདི་ལྟར་ལབ།།

ཀ་ཁ་ག་ང་ཙམ་ལས་མི་ཤེས་པའི།།
ཁ་ལས་མི་དགེ་དགེ་རྒན་ལོ་ལོན་འགའ།།
ག་ལ་ག་ལེ་འཚོགས་འདུར་ཡོང་ལ་ལྟོས།།
ང་རྒྱལ་མ་ཆེ་རྗེས་ཕྱོགས་རེམ་མ་ཤོག།

ཅ་ཅོ་མ་མང་ཚང་མ་ཁ་རོག་སྡོད།།
ཆ་ལུགས་བཙོག་པའི་བུད་མེད་ཆ་རེ་ཡོད།།
ཇ་ཆང་འཐུང་སའི་སྤྲོ་ཚོགས་མ་ཡིན་པས།།
ཉ་ཉོག་ལབ་རྒྱུ་མ་མང་སྡོད་དང་དགའ།།

ཅ་ནེ་རང་ལག་ཡོད་དུས་བསམ་བློ་ཐོངས།།
ཆ་བྱེད་སྟོན་རྒྱུ་མང་ན་ཆག་སྒོ་འབྱུང་།།
ཇ་མ་སྒོ་སྲུང་རྣམས་ཀྱང་དེ་བཞིན་ཡིན།།
ཉ་ཉུང་མཉམ་བསྲེ་མ་བྱེད་གསལ་བོ་བྱོས།

ཏ་རེ་ལ་སོགས་ཁ་འདོན་བཏོན་མི་ཆོག།
ཐ་ཤལ་ཐ་མག་ཁ་ལ་ལེན་མི་ཆོག།
ད་ཐེངས་ཚོགས་འདུ་ནང་དོན་གསར་བ་ཡིན།།
ན་ཆུང་དགེ་རྒན་རྣམས་ཀྱིས་ལྷག་ཏུ་ཉོན།།

ཏ་ལེན་ཁུར་བའི་ཁྱིམ་བདག་ཐོན་པའི་དུས།།
ཐ་མག་ཞོར་ཟས་ཨེ་སྟེར་བལྟ་ཡག་བྱོས།།
ད་ནས་བཟུང་དེ་དུ་བ་རྐང་གཅིག་ཀྱང་།།
ན་ཆུང་སློབ་མར་འཐེན་དུ་བཅུག་མི་ཆོག།

པ་ལི་ཡིན་རུང་སློབ་མར་སྟེར་མི་ཆོག།
ཕ་རྒན་ཡིན་རུང་སློབ་རར་འཛུལ་མི་ཆོག།
བ་ཉལ་མཛོ་གྲོད་བྱེད་པའི་ལས་བཟོ་ཚོ།།
སྐད་ཆ་འདི་ཚོ་མ་བརྗེད་ཡིད་ལ་ཟུངས།།

པ་ཕས་ང་ཚོར་བཅོལ་བའི་སློབ་མ་རྣམས།།
ཕ་རྒན་བཞིན་དུ་བདག་སྐྱོང་ཡག་པོ་བྱོས།།
༼བ་ནི་མ་རེད༽ཟེར་ན་མར་ལ་སོང་།།
མ་འདུག་ཟེར་བའི་དབང་ཆ་ང་ལ་ཡོད།།

ཙ་ཡ་མིན་རུང་གོང་ནས་བཞག་ནི་རེད།།
ཚ་ཁུ་མ་དགའ་ན་ར་བཤད་རྒྱུ་ཡིན།།
ཛ་དྲག་ཉེན་ཁར་ཐུག་ན་རྡུང་རེས་བྱེད།།
ཝ་སྐྱེས་ཁྱོད་ཚོ་མ་ཐུབ་ཕོ་རྒོད་མིན།།

ཙ་སོང་ཁྱོད་ཚོར་བཀོད་པ་མ་འཐེན་ན།།
ཚ་ཁུ་ཚོད་ལ་ལྟ་ནི་ཇེ་མང་རེད།།
ཛ་དྲག་ཚོགས་འདི་འདྲ་མ་འཚོགས་ན།།
ཝ་སྐྱེས་སྡར་མ་ཁྱོད་ཚོར་བྱ་ཐབས་མེད།།

ཞ་བོ་འདྲ་བའི་འཛིན་བདག་ལ་ལ་ཞིག།
ཟ་ཁང་ཉལ་ཁང་སོགས་ན་རིག་རྒྱུ་མེད།།
འ་རི་འུ་རི་འགྲོ་བ་དེ་རྣམས་ལ་།།
ཡ་ང་མཇུག་འབྲས་ཅི་ཡོད་ལྟོས་ལ་སྡོད།།

ཞྭ་མོ་འདྲ་བའི་ཀྲུང་གོ་གུང་ཁྲན་ཏང་།།
ཟ་དུས་འཐུང་དུས་ཡིན་རུང་ཡིད་ལ་ཟུངས།།
འ་ཅག་རྣམས་ལ་ཟླ་ཕོགས་སྟེར་བ་འདི།།
ཡ་ཁོག་ནང་ནས་བཀའ་དྲིན་ཞུ་དགོས་ཡོད།།

ར་རྫི་ལུག་རྫི་བྱེད་ན་མི་འདོད་ན།།
ལ་གཏམ་ལུང་གཏམ་མ་མང་ལས་ལ་བརྩོན།།
ཤ་ཚའི་སྙིང་གཏམ་མིན་ན་རིན་པོས་ཧྲི།།
ས་བོ་མ་གོ་ས་ནས་དྲིས་ར་ཆོག།

ར་སྐོར་ནང་ན་རྒྱུན་དུ་འཁོར་ཁུ་ཡོད།།
ལ་ལུང་རྒྱུགས་ནས་གཞུང་དོན་འབད་གི་ཡོད།།
ཤ་རྡོག་གཅིག་ཀྱང་གཞུང་ན་ལེན་གི་མེད།།
ས་ཡང་རུབ་འདུག་དེ་རིང་དེ་མོ་བྱོས།།

ཧ་ཡང་མི་གོ་རྒྱ་རྒན་ཆ་རེ་ཡོད།།
ཨ་རོགས་མར་ལ་སོང་ནས་གསལ་བོ་ཤོད།།
ཧ་བོ་དེ་རིང་ད་རུང་དོན་དག་ཡོད།།
ཨ་ལ་ད་ནི་མི་ཁོམ་འཚོགས་འདུ་གྲོལ།།


 

ཆེས་གསར་བའི་དྲི་བ། ཟླ 3 22 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: རྒྱ་ནག་པ། (སྐར 4,033 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...