འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།དགེ་རྒན་ཚོས་ངེས་པར་དུ་གཟིགས།

འདེམ་ཤོག 0

༄༅།།དགེ་རྒན་ཚོས་ངེས་པར་དུ་གཟིགས།       

དུང་དཀར་ཡོན་ཏན་རྒྱ་མཚོ།  ཅོ་ནེ།                                        


མི་རྣམས་ཀྱིས་སློབ་གྲྭ་ནི་ལེགས་བྱས་ཡོན་ཏན་གྱི་འབྱུང་ཁུངས་ཡིན་པར་འདོད་ནས་རང་གི་དཔྲལ་བའི་མིག་ལས་ལྷག་པའི་གཅེས་ཕྲུག་དེ་ཚོ་སློབ་གྲྭར་བཏང་བ་རེད།  ཡིན་ནའང་དེ་ནི་ཁྱིམ་བདག་དང་ཕ་མ་ཚོའི་རེ་འདོད་ཡིན་པས་ནོར་མེད།                                 


དེ་བས་དགེ་རྒན་ཚོས་ངེས་པར་བློ་སེམས་ཞིབ་མོ་དང་དཔེ་ཀློག་མང་པོའི་ཉམས་མྱོང་ལས་ཁོ་ཚོར་ཐབས་ཤེས་སྣ་ཚོགས་ཀྱིས་མིག་རྒྱང་རིང་བའི་སྒོ་ནས་ལམ་སྟོན་གནང་དགོས།                      

དེ་ཡང་དཔེར་ན།  སློབ་གྲྭ་ནི་དམག་སྒར་དང་སློབ་མ་ནི་འཆི་གསོན་གྱི་ལམ་ཁ་ན་བགྲོད་བཞིན་པའི་དམག་མི་ལྟ་བུ་ཡིན་པས།  དགེ་རྒན་གྱིས་རང་གི་དམག་དཔུང་དེའི་མ་འོངས་པའི་རྒྱལ་ཁ་དང་གྲུབ་འབྲས།  ལྷག་པར་དུ་མི་ཚེའི་བྱས་རྗེས་བཅས་ལ་ལམ་འཁྲིད་གནང་ཐུབ་དགོས་པ་མ་ཟད།  སྒྱུ་ལུག་དང་རྣམ་གཡེང་།  འགྲན་བསྡུར་དང་ངར་སེམས།   བློ་ཁོག་དང་སྙིང་རུས་བཅས་མེད་པའི་དམག་མི་ཞི་རྒྱས་དབང་དྲག་གང་གི་ཆ་ནས་ཀྱང་རྒྱལ་ཁབ་དང་མི་རིགས་ལ་མི་ཕན་པར་མ་ཟད།   རང་གི་ཚེ་སྲོག་ཙམ་ཡང་སྲུང་མི་ཐུབ་པའི་དམག་མི་སྡར་མ་ཞིག་ཏུ་སྐྱེད་སྲིང་བྱེད་རྩ་བ་ནས་མི་ཉན།                                       


གལ་སྲིད་ཁྱོད་ལ་དེ་ལྟ་བུའི་རྣམ་དཔྱོད་དང་འཇོན་ཐང་མེད་ཚེ།  ཁྱེད་རང་རྩ་བ་ཉིད་ནས་དགེ་རྒན་ཟེར་བའི་གོ་གནས་དེ་ནས་འདུག་མི་རུང་།  རྒྱུ་མཚན་ནི།  བྱིས་པ་དེ་དག་གི་དུས་ཚོད་དང་སྐར་མ།  ཉིན་དང་མཚན།  ཟླ་དང་ལོ་བཅས་ཀྱི་གསེར་ལས་འཕགས་པའི་རྣམ་དཔྱོད་དང་ལང་ཚོ།  དུས་ཚོད་བཅས་ཁྱེད་ལ་དབང་ཡོད་པས་སོ།།                                         བྱིས་པའི་སློབ་གསོ་ནི་དམག་མིའི་སྦྱོང་བརྡར་ལྟ་བུ་ཡིན་པས།  ཁྱེད་ཀྱིས་ཆེས་ཐོག་མར་དེའི་ནུས་པ་དང་དགའ་ཕྱོགས་བཅས་ལ་ལྟ་རྟོག་ནན་མོ་བྱས་ཏེ་ཞི་དྲག་གི་ཐབས་གང་དགོས་པ་དེ་རྟོགས་དགོས་པ་ལས།  བརྩོན་འགྲུས་དང་རྣམ་དཔྱོད་མེད་བཞིན་དུ་བཙན་གྱིས་དམག་འཁྲུག་ལ་ཞུགས་སུ་འཇུག་པ་ནི་ཁོ་རང་འཆི་ལམ་ལ་བརྫངས་པ་དང་མཚུངས་ལ།  རྣམ་དཔྱོད་དང་སྙིང་རུས་ལྡན་པའི་དམག་མི་ཐབས་འཁྲུག་ལ་ཞུགས་སུ་མི་འཇུག་ནི་ཁོར་སྙིང་ནད་སློང་བ་དང་ཁྱད་པར་ཅི་ཡང་མེད།                                        


དེ་བས་དགེ་རྒན་ནི་མི་ཞིག་གི་མི་ཚེའི་ཁ་ལོ་བ་དང་སྤྱི་ཚོགས་དེའི་མ་འོངས་པའི་བཟོ་བཀོད་པ་ཆེན་པོ་ཡིན་པས།  ཁྱེད་ཀྱི་ཤེས་འཇོན་དང་བག་ཆགས་ཀུན་སྤྱོད་བཅས་ནི་ཆེས་ཚད་མཐོ་བའི་སློབ་གསོ་ཉག་གཅིག་ཡིན།                         ཁྱེད་ཀྱིས་དམག་མི་དེ་དག་ལ་འཐབ་འཁྲུག་དང་ཞེ་འཁོན་ཁོ་ན་གཙོ་བོ་བྱེད་མི་ཉན་པར་ད་དུང་ཕྱི་ནུར་དང་གཟབ་ནན་བཅས་སློབ་དགོས་པ་མ་ཟད།  རྒྱལ་དུས་ང་རྒྱལ་མི་སྐྱེས་པ་དང་རྒུད་དུས་སེམས་ཤུགས་ཆག་མི་ཉན་པའི་སྙིང་སྟོབས་བཅས་ཡུན་གྱིས་སློབ་དགོས།                                


འདི་ལྟ་བུའི་དམག་དཔོན་དང་དམག་མི་ཀུན་ལས་རྒྱལ་ཐུབ་པས།  འདི་ལྟ་བུའི་དགེ་རྒན་གྱིས་དེ་ལྟ་བུའི་སློབ་མ་སྐྱོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོར་མཐོང་།        དེ་བས་ལྷག་བསམ་དང་སྙིང་སྟོབས།  གཞན་ལ་ལམ་སྟོན་གྱི་ནུས་འཇོན་ལྡན་པའི་མི་དེ་དགེ་རྒན་གྱི་གོ་གནས་སུ་བཞུགས་ཆོག་པ་ལས།  རང་འགན་དང་དུ་མི་ལེན་ལ་ཤེས་འཇོན་མེད་པ།  ལྷག་བསམ་བྲལ་བའི་མི་དག་ནི་དགེ་རྒན་ཞེས་པའི་གོ་སར་བསྡད་པ་ནི་ཙན་དན་གྱི་ཤུལ་ལ་ཚེར་མ་སྐྱེས་པ་ལས་ཀྱང་མཐུ་འོ།།      


 

ཆེས་གསར་བའི་དྲི་བ། ཟླ 3 26 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...