འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཚངས་སྲས་དཔལ་མོ་དགྱེས་པའི་མཆོད་སྤྲིན།

འདེམ་ཤོག 0
ཚངས་སྲས་དཔལ་མོ་དགྱེས་པའི་མཆོད་སྤྲིན།

                             

 དུད་ཁ་དོང་སྤྲུག

 

བྱི་རུའི་མདངས་འཛིན་མཆུ་སྒྲོས་གཡོ་ཞིང་ཚེམས་དཀར་དུང་གི་ཕྲེང་བ་ཅན།།

ཐིག་ལེ་མཆོག་མའི་དཔལ་ལ་སྡང་བའི་མཚར་སྡུག་ལང་ཚོ་ཡོངས་སྨིན་མར།།

འཆི་མེད་བུ་མོ་སྙེམས་ལྡན་མ་དག་མི་བཟོད་རྣམ་འགྱུར་ཁྲི་མ་འབུམ།།

ལིང་ལིང་ལྡང་ཡང་ཇི་མི་སྙམ་པའི་ཏམྦུ་དཀྲོལ་མཛད་ཡུམ་ལ་འདུད།།

 

ཆུ་འཛིན་དཀར་པོའི་གློག་འོད་འཕྲོས་པས་ཡིད་སྲུབས་རྨོངས་པའི་སྨག་བསལ་བའི།།

གང་སྐུ་གསེར་གྱི་ཨུཏྤལ་གཞོན་ནུ་སྙན་དངགས་འོ་མའི་འདོད་འཇོ་མ།།

པདྨའི་མདངས་ལ་བུང་བའི་མིག་ཟུང་ཟིམ་ཟིམ་གཡོ་བའི་ལྷ་མོ་མཆོག།

མ་ལྟར་བརྩེ་བས་རིང་དུ་མ་བཞུགས་མྱུར་བ་མྱུར་བ་ད་ཚུར་བྱོན།།

 

མཁའ་ཡི་མཛེས་བྱེད་ཡིད་འཕྲོག་མ་ཡིས་མཐོན་མཐིང་འོད་དཀར་ལམ་ལམ་འཕྲོ།།

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག་ཡངས་འཛུམ་པའི་དབྱངས་ཅན་མ།།

བཞི་ལྷག་དྲུག་བཅུའི་འགྱུར་ཁུགས་དཀྲོལ་བཞིན་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ།།

ངོམས་མེད་རོལ་སྒེག་གར་གྱིས་འགྱིང་བས་བདག་ལ་ངག་གི་དབང་ཕྱུག་སྩོལ།།

 

གདོང་བཞི་གདོང་གི་པདྨའི་ཚལ་གྱི་ངང་པའི་བུ་མོ་དྭངས་གསལ་མ།།

ཀ་དག་འགྱུར་མེད་གཉུག་མའི་རང་གཟུགས་འོད་གསལ་ལྷུན་གྲུབ་རང་བཞིན་ཅན།།

འཁོར་བ་ཉུལ་ཡང་འཁོར་བས་མ་གོས་དྲི་མེད་ཤེལ་དཀར་མེ་ལོང་དངོས།།

དབྱངས་ཅན་མ་ཉིད་བདག་མགྲིན་ཁབ་ཏུ་ལྷམ་མེར་ལྷན་ནེ་བཞུགས་པར་མཛོད།།།།       

 

དུང་མདོག་གཞོན་ནུའི་ལང་ཚོ་རབ་རྫོགས་མཉེན་ལྕུག་ལྡན་པའི་སྨིན་ལེགས་མ།།

ཆོས་ཀུན་དེ་ཉིད་ལམ་མེ་གཟིགས་པའི་སྤྱན་རས་ཡངས་པོས་འགྲོ་ལ་ཆགས།

རྒྱུད་དྲུག་པི་ཝང་ལྡེམ་འཁྱུག་ལྷན་དུ་རྟེན་གཡོའི་སྒྲ་སྙན་ཅི་དགའ་འགུག།།

སྙན་པའི་གདངས་ཅན་དབྱངས་ཀྱི་མ་མ་ལྟེམ་ལྟེམ་མགྲིན་པའི་སྦུགས་སུ་འཚོ།།

 

དཀའ་ངལ་ཚ་གདུང་ཡིག་འབྲུ་ཚིག་ཚོགས་རྨི་ལམ་སྣང་བའི་བར་གསེང་ནས།།

བར་མེད་མཐའ་ཀུན་འཚོལ་ཡང་མ་རྙེད་སྙན་ཚིག་ཕོངས་པའི་འཁྱམ་པོ་ངར།།

བརྩེ་བས་སྣ་ཚོགས་སྨྲ་ལྕེ་གྲོལ་ནས་ངག་དབང་དགྱེས་པའི་འཛུམ་འཁྱིལ་ཞིང་།།

རང་བཞིན་སྤོོབས་པའི་གཟི་འོད་འབར་བའི་སྐྱེ་དགུའི་ཡིད་འཕྲོག་བཅུད་ལྡན་སྩོལ།།

 

བླ་མེད་སྙིང་སྟོབས་ལྷད་མེད་གཤིས་འཇམ་འགྲན་མེད་མཁོ་དགུ་དབང་འབྱོར་བའི།།

མ་ལུས་བརྩེ་བས་རྗེས་སུ་ཆགས་པས་ཚད་མེད་དྲིན་གྱིས་བསྐྱངས་བའི་ལྷ།།

ཞལ་རས་དཀྱིལ་འཁོར་འཛུམ་མདངས་དགོད་པའི་ཟླུམ་གཟུགས་གོ་ལའི་ཡུམ་ཆེན་མས།།

ཤེས་རིག་སྟེགས་བུར་བཅུ་ཕྲག་གྱེར་བའི་མགྲིན་པ་ཡངས་མོ་བཀྲོལ་གྱུར་ཅིག།

 

གནག་སྨུག་སྐྲ་ལོ་ལྡེམ་ལྡེམ་གཡོ་ཤིང་སྒྱུ་རྩལ་སྡེ་དགུའི་སྟངས་སྟབས་ཅན།།        

སྟོན་ཀའི་ཟླ་ལྟར་དཀར་ཞིང་རྒྱས་པའི་དྲུག་འགྱུར་ངག་གི་དབྱངས་འཐེན་མར།།

མགྲིན་པ་ཕྲ་མོ་མ་འགག་བར་དུ་བདག་གིས་དངོས་གྲུབ་ཞུ་ལགས་ན།།

ཟབ་དབྱངས་དཔག་དཀའི་གནས་ལ་འཇིངས་བའི་ཤེས་རབ་དཔལ་མོ་སྩོལ་གྱུར་ཅིག།
ཆེས་གསར་བའི་དྲི་བ། ཟླ 3 27 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...