འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བཙུན་མོ་བཞི་ཁབ་ཏུ་བསུས་པའི་རྒྱལ་བོ།

འདེམ་ཤོག 0

བཙུན་མོ་བཞི་ཁབ་ཏུ་བསུས་པའི་རྒྱལ་བོ།

བླ་སྤྱང་གིས་དབྱིན་ཡིག་ལས་བསྒྱུར།

སྔོན་རྒྱལ་བོ་ཞིག་ལ་བཙུན་མོ་བཞི་ཡོད་ལ། ཉིན་ཞིག་རྒྱལ་བོར་སྙུང་གཞི་ལྕི་མོ་ཞིག་ཕོགས་ནས་མལ་སར་ལྷུང་། ཁོང་ཁེར་རྐྱང་དུ་འཆི་བར་སྐྲག་ནས་རང་ཉིད་ཆེས་དགའ་ཞིང་ནམ་རྒྱུན་གསེར་དངུལ་ཀྱི་རྒྱན་སྤྲས་དང་འགྲན་བྲལ་གྱི་གོས་ལྭ་སོགས་ཉོས་པའི་བཙུན་མོ་བཞི་བ་བོས་ནས་ཁྱེད་ང་དང་མཉམ་དུ་ཚེ་ཕྱི་མར་འགྲོ་ཕོད་དམ་ཞེས་དྲིས་པས། བཙུན་མོས་ཐུགས་རྒྱལ་མ་བཞེངས་ཞེས་བཤད་ནས་བུད་སོང་། དེ་ནས་ཁོང་གིས་རྒྱལ་བོ་གཞན་ལ་ངོམས་སོ་བྱས་ཤིང་རང་གི་ང་རྒྱལ་དུ་རློམ་པའི་བཙུན་མོ་གསུམ་པར་ཁྱེད་ང་དང་མཉམ་དུ་ཚེ་ཕྱི་མར་འགྲོ་མོས་སམ་ཞེས་དྲིས་པས། མོས་དགོངས་པ་མ་འཚོམས། ང་འཚོ་བ་འདིར་ཧ་ཅང་དགའ། ཁྱེད་རང་གཤེགས་རྗེས་ང་སླར་ཡང་གཉེན་སྒྲིག་བྱ་དགོས་ཞེས་ལན་བཏབས། དེ་ནས་ནམ་རྒྱུན་རང་གི་དཀའ་ངལ་ལ་མཐུན་རྐྱེན་བསྐྲུན་མཁན་བཙུན་མོ་གཉིས་པར་དྲིས་པས། མོས་ཀྱང་དགོངས་པ་མ་འཚོམས་ད་ཐེངས་ངས་ཁྱེད་ལ་རོགས་བྱ་ཐུབ་རྒྱུ་མ་རེད། འོན་ཀྱང་ངས་ཁྱེད་ཉིད་གཤེགས་རྗེས་དགེ་ཆོས་ཡག་པོ་ཞིག་བཀོད་སྒྲིག་བྱ་ངེས་ཞེས་བཤད།

གློ་བུར་ཏུ་ང་ཁྱེད་དང་མཉམ་དུ་འགྲོ་ངེས། ཁྱེད་རང་གང་དུ་སོང་ཡང་ང་ཁྱེད་ཀྱི་རྗེས་སུ་འབྲེང་ངེས་ཐ་ན་ཚེ་ཕྱི་མ་ཡིན་ཡང་ཞེས་པའི་སྐད་སྒྲ་ཞིག་ཐོས། རྒྱལ་བོས་གཟིགས་པ་ན་དེ་ནི་རང་གི་བཙུན་མོ་དང་བོ་ཡིན་པ་དང་། དེ་ལ་གཟིགས་སྐྱོང་དེ་ཙམ་བྱས་མེད་པས་ཧ་ཅང་དོགས་མི་བདེ་བའི་ངང་། དགོངས་པ་མ་འཚོམས། ངས་ཚེ་འདིར་ཁྱེད་ལ་དེ་ལས་བཟང་བའི་བདག་སྐྱོང་ཞིག་དང་ཁྱེད་ལ་མང་བོ་ཞིག་སྤྲད་ཡོན་ན་རེད་ཅེས་བཤད།

སློབ་གསོའི་གཏམ་རྒྱུད་འདི་ང་ཚོ་ཚང་མར་ཡོད་པ་ཞིག་ཡིན། ང་ཚོར་ཡང་ཆུང་མ་བཞི་ཡོད་ལ། ཆུང་མ་བཞི་བ་ནི་རང་གི་ལུས་ཕུང་ཡིན་པ་དང་། དེར་ང་ཚོས་རྒྱན་གོས་བཟང་བོ་འདོག་པར་དགའ་བ་ཡིན། འོན་ཀྱང་ཚེ་མཇུག་དེ་ང་ཚོ་དང་མཉམ་དུ་འགྲོ་ཐབས་མེད། ཆུང་མ་གསུམ་པས་ང་ཚོའི་ལོངས་སྤྱོད་མཚོན་པ་ཡིན་ལ། དེ་དག་འཛོམས་པར་ང་ཚོས་དུས་ཚོད་མང་བོ་ཞིག་བཀོལ་ཡོད། འོན་ཀྱང་ཚེ་མཇུག་དེ་ནི་ང་ཚོ་དང་མཉམ་དུ་ཚེ་ཕྱི་མར་འགྲོ་ཐབས་མེད་ལ། དེ་དག་མི་གཞན་པར་སྟེར་བ་དང་བགོ་བཤའ་བྱ་ངེས། དེ་བས་བཙུམ་མོ་གསུམ་པས་བཤད་པའི་ང་སླར་ཡང་གཉེན་སྒྲིག་བྱ་དགོས་ཞེས་པ་དང་མཚུངས། ཆུང་མ་གཉིས་པ་ནི་ང་ཚོའི་གྲོགས་པོ་དང་བཟའ་མི་ཡིན་ལ། ང་ཚོས་ཁོ་ཚོ་དགོས་གལ་ཆེ་དུས་ནམ་རྒྱུན་ཡོད་པར་ཡིད་རྟོན་བྱས་ཡོད་ལ། ལམ་ཐག་རང་བོར་ང་ཚོ་དང་མཉམ་འགྲོ་ཐུབ་ལ་ང་ཚོར་སྐྱེལ་མ་དང་དགེ་ཆོས་སོགས་སྒྲུབ་ཐུབ། འོན་ཀྱང་ང་ཚོ་དང་མཉམ་དུ་ཚེ་ཕྱི་མར་འགྲོ་ག་ལ་ཐུབ།  ཆུང་མ་དང་བོས་ང་ཚོའི་རྣམ་ཤེས་མཚོན་ལ། ང་ཚོས་ནམ་རྒྱུན་རྣམ་ཤེས་ལ་བདག་སྐྱོང་བྱེད་པར་དོ་ཁུར་ཆེན་པོ་མེད། དེ་ནི་ང་ཚོ་དང་མཉམ་དུ་ཚེ་ཕྱི་མར་འགྲོ་ཐུབ་མཁན་གཅིག་པུ་ཡིན། 

ང་ཚོས་ལུས་པོར་བདག་སྐྱོང་བྱས་ཏེ་བདེ་ཐང་ཆགས་དགོས་ལ། ལོངས་སྤྱོད་ལ་རོལ་མྱོང་ཐུབ་དགོས། བཟའ་མི་དང་གྲོགས་པོར་བདག་སྐྱོང་བྱ་དགོས་ལ་ཁོ་ཚོའི་རོགས་རམ་ལ་དགའ་བ་བསྐྱེད་དགོས། འོན་ཀྱང་བརྗེད་མི་ཉན་པ་ནི་རྣམ་ཤེས་ལ་བདག་དམ་དང་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། སྐབས་རེར་གཅིག་པུར་བསྡད་དེ་ཁ་འདོད་དང་སྒོམ་སྒྲུབ་བྱ་དགོས། རྒྱུ་མཚན་རྣམ་ཤེས་ནི་འཚོ་བའི་གཞི་རྩ་དང་ཉིད་ཀྱི་ཆེས་ཡིད་རྟོན་བྱ་ཆོག་པའི་གྲོགས་པོ་དེ་ཡིན།


 

ཆེས་གསར་བའི་དྲི་བ། ཟླ 4 13 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...