འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྒྲུང་གཏམ༼ སྒོར་མོ༽ལས་མི་སྣ་དབང་ཕྱུག་གིས་བྱིན་པའི་སེམས་ཁྲལ།

འདེམ་ཤོག 0

 སྒྲུང་གཏམ༼ སྒོར་མོ༽ལས་མི་སྣ་དབང་ཕྱུག་གིས་བྱིན་པའི་སེམས་ཁྲལ།

 

 ---- ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ༼ སྒོར་མོ༽ བཀླགས་པའི་མྱོང་ཚོར།

 

 

                                བསོད་ནམས་རབ་བརྟན། སོག་རྫོང་།

 

 

གཅིག

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་བ༼ སྒོར་མོ༽སླེབས་བྱུང་།

འདིས་ཀྱང༼ཝ་ནག་ལུང་བ༽བཞིན་ང་ལ་སེམས་ཁྲལ་ཞིག་བསྐྱལ་བྱུང་།

ང་ལ་སེམས་ཁྲལ་སྟེར་མཁན་དེ་སུ་ཡིན་ཤེས་འདོད་དམ།

ད་ཐེངས་ང་ལ་སེམས་ཁྲལ་སྟེར་མཁན་ནི་བརྩམས་སྒྲུང༼ སྒོར་མོ༽ལས་མི་སྣ་གཅིག་རེད། ཏག་ཏག་མི་སྣ་གཅིག་རེད།

དེ་ནི་མྱི་གཤིས་བརྟན་ཅིང་ལ་རྒྱ་ཡོད་པའི་རྒན་པོ་ལྷ་སྐྱབས་མ་རེད།

དེ་ནི་ཤེས་མི་ཤེས་ཀྱི་གསར་འགྱུར་མང་པོ་རྣ་རྩར་བསྐྱེལ་མཁན་གྱི་ཁྱིམ་མཚེས་རྒན་མོ་ཚེ་སྐྱིད་ཀྱང་མ་རེད།

དེ་ནི་ཁྲེལ་ཡོད་བག་ཡོད་ཀྱིས་འཚོ་བ་རོལ་བཞིན་པའི་ལྷ་སྐྱབས་ཀྱི་བུ་ཆེ་བ་དོན་ལྡན་ཡང་མ་རེད།

དེ་ནི་དབང་ཕྱུག་རེད། ཁོ་སློབ་བྱོལ་མཁན་ཞིག་རེད། ཁོ་དྭ་ཕྲུག་ཅིག་རེད།

ཁོ་ཕ་ནོར་བརླག་མཁན་ཞིག་རེད། ཁོ་ཤོ་རྒྱག་༼རྒྱན་འཇོག་མཁན༽་ཅིག་རེད།

དེ་ལས་ཀྱང་འཇིགས་སུ་རུང་བ་ནི་ཁོ་མནའ་ཟ་མཁན་ཞིག་རེད།

 

གཉིས།

གནའ་མི་བོད་ཀྱི་གཏམ་དཔེར་ཡང་།༼ མྱིས་མི་བཟའ་བ་མནའ་དང་ཁྱིས་མི་བཟའ་བ་ལྕགས༽ཟེར་བ་མ་ཡིན་ནམ།

མནའ་བསྐྱེལ་བ་ནི་མི་རིགས་ཤིག་གིས་བདེན་རྫུན་ཐག་གཅོད་པའི་ཐབས་ལམ་ལེགས་ཤོས་ཤིག་རེད།

མནའ་བསྐྱེལ་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་པར་བ་ཞིག་རེད།

མནའ་བསྐྱེལ་བ་ནི་བོད་མི་ཆོས་ལ་དད་པའི་བདེན་དཔང་གལ་ཆེན་ཞིག་རེད།

མནའ་བསྐྱེལ་བ་ནི་ལྷ་རྟེན་ཆོས་གསུམ་ལ་བཀུར་བའི་བསམ་བློ་བླ་མེད་ཅིག་རེད།

༼ བོད་མནའ་ཐོག་དང་རྒྱ་ཡིག་ཐོག༽ ཟེར་བའི་དཔེ་ཡང་ཡོད་པ་རེད།

དབང་ཕྱུག་གིས་སྒོར་མོའི་ཆེད་དུ་མནའ་ཟོས་སོང་།

དབང་ཕྱུག་གིས་སྒོར་མོའི་དོན་དུ་དྲིན་ཆེན་ལ་དྲིན་ལོག་བྱས་སོང་།

དབང་ཕྱུག་གིས་སྒོར་མོའི་ཕྱིར་དུ་རང་གི་ཡོད་ཚད་བརླག་སོང་།

ངས་སེམས་ཁྲལ་བྱེད་པ་ནི་བརྩམས་སྒྲུང་ནང་གི་དབང་ཕྱུག་ཁོ་ན་ཙམ་ཡང་མ་ཡིན་པར།

ང་ཚོའི་འཚོ་བ་དངོས་དང་ང་ཚོ་རང་གི་མཐའ་འཁོར་ན་དབང་ཕྱུག་ཧ་ཅང་མང་པོ་ཞིག་ཡོད་པས་ཡིན།

 

གསུམ།

རྒྱན་ལྐུགས་ནས་ཉི་མ་སྐྱེལ་བའི་དབང་ཕྱུག་གི་འཚོ་སྟངས་སྡུག་པོ།

མི་ཡོད་ཚད་ལ་སྒོར་མོ་སྐྱི་བའི་དབང་ཕྱུག་གི་ལམ་བུ་ཆད་པོ།

དྲིན་ཆེན་ལ་དྲིན་ལོག་བྱེད་པའི་དབང་ཕྱུག་གི་སྤྱོད་པ་ནག་པོ།

དགྲ་ལ་སྐྲག་ཅིང་གཉེན་ལ་བཙན་པའི་དབང་ཕྱུག་གི་སྡར་མའི་གཤིས་ཀ།

སྒོར་མོའི་དོན་དུ་ཁྱིམ་དང་ཆོས་གཉིས་ཀ་མི་དགོས་པའི་དབང་ཕྱུག་གི་ཧམ་སེམས་ཚད་མེད།

འདི་ནི་བརྩམས་སྒྲུང་ནང་གི་དབང་ཕྱུག་ཁོ་ན་ཙམ་ཡང་མ་ཡིན་པར།

ད་སྐབས་ཀྱི་སྤྱི་ཚོགས་སྟེང་གི་འབྲོག་པའི་གསར་བུ་མང་པོ་ཞིག་གི་བསྡུས་གཟུགས་རེད། 

འབྲོག་སྡེ་གྲོང་ཁྱེར་ལ་ཡོང་ནས་གསར་བུ་མང་པོའི་འཚོ་བའི་སྣང་ཚུལ་རེད།

ངེད་ཚང་གི་དབང་ཕྱུག ཁྱོད་ཚང་གི་དབང་ཕྱུག ད་དུང་ཁོང་ཚང་གི་དབང་ཕྱུག 

ང་ཚོ་ལ་ཇི་འདྲའི་དབང་ཕྱུག་མང་པོ་ཞིག་ཡོད་པ་རེད་ཨང་།

 

བཞི།

དབང་ཕྱུག་གི་འཚོ་བ་ལས་ང་ཚོས་འབྲོག་པ་རྣམས་ཕྱུག་པོ་ནས་སྤྲང་བོར་འགྱུར་གྱིན་པ་མཐོང་བྱུང་།

དབང་ཕྱུག་གི་བྱ་སྤྱོད་ལས་ང་ཚོས་འབྲོག་པ་རྣམས་ཆོས་ལྡན་ནས་ཆོས་མེད་དུ་འགྱུར་གྱིན་པ་རིག་སོང་།

དབང་ཕྱུག་གི་བྱེད་སྟངས་ལས་ང་ཚོས་འབྲོག་པ་རྣམས་མྱི་ནས་འདྲེ་རུ་འགྱུར་གྱིན་པ་ཡང་ཧ་གོ་བྱུང་།

དབང་ཕྱུག་ལས་ང་ཚོས་རིག་གནས་རྒུད་གྱིན་པ་ཚོར་བྱུང་།

དབང་ཕྱུག་ལས་ང་ཚོས་འཚོ་གནས་ཉམས་གྱིན་པ་རྟོགས་བྱུང་། 

དབང་ཕྱུག་ལས་ང་ཚོས་མི་གཞི་འབོར་གྱིན་པ་ཤེས་སོང་། 

དབང་ཕྱུག་ནི་དུས་རབས་གསར་བའི༼ ར་ལོ༽ རེད།

དབང་ཕྱུག་ནི་དུས་རབས་གསར་བའི་གྲོང་མཐའི་འབྲོག་པ་རེད།

རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས༼ སྒའི་སྔ་རུའི་མགོ་ནས་མ་ཟིན་རུང་ཕྱི་རུའི་མགོ་ནས་ཟིན་ན་ཆོག༽ ཅེས་ཁོང་གི་རེ་སྨོན་མཚོན་པར་བྱས་ཡོད།

འོན་ཀྱང་ངས་ནི་དབང་ཕྱུག་ནི་༼ ར་ལོ༽ བཞིན་སྐྱོབ་ཐབས་མེད་པ་ཞིག་ལ་བསམ་སོང་། 

འུ་ཚོ་ལ་དབང་ཕྱུག་ཧ་ཅང་མང་། དབང་ཕྱུག་ལ་རློམ་རྒྱུ་གང་ན་ཡོད།

 

ལྔ་། 

སྒོར་མོའི་ཆེད་དུ་རིག་གནས་དང་ཆོས་ལུགས་མི་དགོས།

སྒོར་མོའི་དོན་དུ་ཆུང་མ་དང་བུ་ཕྲུག་མི་དགོས།

སྒོར་མོའི་སླད་དུ་ཕ་ཁུ་གཉེན་ཉེ་མི་དགོས།

སྒོར་མོའི་ཕྱིར་དུ་ལ་རྒྱ་མི་དགོས། ངོ་ཚ་མི་དགོས།

སྒོར་མོའི་དོན་དུ་ཁྲེལ་གཞུང་མི་དགོས། མནའ་ཚིག་མི་དགོས།

རྒྱའི་ཁ་དཔེར༼ མི་ནི་རྒྱུ་ཡི་དོན་དུ་འཆི། བྱ་ནི་གཟན་གྱི་དོན་དུ་འཆི༽

ངོ་མ་ད་ནི་སྒོར་མོ་ཁོ་ན་ལས་ཅི་ཡང་མི་དགོས་པའི་དབང་ཕྱུག་ལྟ་བུ་ཧ་ཅང་མང་། ང་ཚོ་ལ་དབང་ཕྱུག་མང་པོ་ཡོད།

 

དྲུག

འདང་རེ་བརྒྱབ་ན། འབྲོག་པའི༼དབང་ཕྱུག༽རྣམས་སྒོར་མོའི་ཆེད་དུ་སྨྱོན་པར་འགྱུར་དོན་ཡང་།

༼དབང་ཕྱུག༽རྣམས་ལ་ཉམས་མྱོང་དང་རིག་གནས་མེད་པས་རེད།

༼དབང་ཕྱུག༽རྣམས་་གྲོང་མཐར་གཡུགས་པ་ནི་ཉ་མོ་བྱེ་ཐང་དུ་གཡུགས་པ་དང་འདྲ་བས་རེད།

འབྲོག་པ་རྣམས་ལ་མ་གཞི་ནས་སྒོར་མོ་མང་པོ་མེད་པས་རེད།

རེད།   འབྲོག་པ༼དབང་ཕྱུག༽ལ་སྒོར་མོ་མེད་པས་རེད།

ཤུ---- སྒོར་མོ། སྒོར་མོ། ཁྱོད་ནི་ཇི་འདྲའི་བསམ་ནག་ཅིག་རེད།


 

ཆེས་གསར་བའི་དྲི་བ། ཟླ 7 3 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...