འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བོད་ཡིག་ལ་རྒྱ་ཡིག་གི་ཚེག་ཤད་ཡོད་ན་རབ་རེད།

འདེམ་ཤོག 0
བོད་ཡིག་ལ་རྒྱ་ཡིག་གི་ཚེག་ཤད་ཡོད་ན་རབ་རེད།
རྒྱུ་དང་སྤུན།
གནད་ཚིག རྐྱེན་ཡིག་ཁྱད་པར། རྟགས་གཟུགས་ཁྱད་པར། སྐད་ཡིག་ཁྱད་པར།
བོད་ཡིག་ནི་འཛམ་གླིང་ཡིག་རིགས་ལས་ཧ་ཅང་ཁྱད་དུ་འཕགས་པའི་ཡིག་རིགས་ཅིག་ཏུ་སྒྲུབ་ཀྱིན་འདུག་པ་ད་ལྟ་གང་ས་ནས་མཐོང་མོད།ཡིག་རིགས་འདིའི་འཇིགས་རབ་འཇིགས་ཚུལ་གསལ་བོ་བྲིས་ཡོད་པ་ཕྲན་ཆུང་གིས་ད་སྔ་བར་མང་པོ་ཞིག་མ་མཐོང་ལ།བོད་ཀྱི་མཁས་པ་མ་གཏོགས་པའི་མི་རིགས་གཞན་པ་སོ་སོས་ཀྱང་རང་རང་གི་ཡིག་རིགས་སྐོར་གྱི་བཟང་ཆ་གང་མང་བཤད་ཡོད་པ་ད་རག་བར་གྲངས་མེད་ཅིག་མཐོང་བྱུང་།ཐ་ན་རྒྱ་ནག་གི་གཟུགས་སྒྲུབ་ཡི་གེ་འདིའང་ཧ་ཅང་ཚན་རིག་ཅན་ཡིན་རབས་སྐོར་གྱི་དུས་དེབ་གང་མང་མཐོང་མོད།རྒྱ་ཡིག་བཟང་རབས་དག་ཀྱང་རྒྱ་ནག་མཁས་པ་ལས་བཞེད་པ་འདི་འདྲ་མཐོང་རྒྱུ་ཅུང་ཙམ་དཀོན་པོ་རེད།
སྤྱིར་ན་རིག་གནས་གང་ལ་བཟང་ངན་མི་འགར་རྒྱུའམ་བཏང་སྙོམས་སུ་འཇོག་རྒྱུ་ནི་དེང་རབས་གཞུང་ལུགས་པའི་ཆེས་མ་མཐའི་ངེས་ཤེས་ཤིག་ཏུ་འཁུམས་རུང་།ང་འདྲའི་སློབ་གཤོལ་དང་ཆོས་ལུགས་དགོན་སྡེ་ནས་སློབ་སྦྱོང་བྱེད་མཁན་གྱིས་མཁས་པ་གང་མང་གིས་རིག་གཞུང་ཚད་ཐིག་གམ་ཚད་བཀག་འདི་སྣང་མེད་དུ་གྱུར་སྲིད་ཀྱི་རེད།རིག་གནས་བཟང་ངན་མ་བཤད་ན་རིག་གནས་མཐའ་དག་ལག་རྩལ་འབའ་ཞིག་ཏུ་སོང་བས་རིག་གནས་ཕན་ཐོགས་མིན་གྱི་ཁྱད་པར་དང་རིག་གནས་གང་དེའི་བདག་ཉིད་ཀྱི་མི་རིགས་བཟང་ངན་གྱི་ངོ་ཚ་ཐམས་ཅད་རིག་གནས་བཟང་ངན་ལ་ཁ་དཀྲིས་ཡོད་པས་རིན་ཐང་བཏང་སྙོམས་ཅན་སྲུང་འཛིན་བྱེད་རྒྱུ་ཅུང་དཀའ་མོ་ཞིག་གི་ཚོད་ལ་འདུག
བོད་ཡིག་ལ་གནའ་སྔ་མོ་ནས་བརྡ་སྤྲོད་ཀྱི་རྒྱ་འདེབ་ཚུལ་ཧ་ཅང་ཚགས་དམ་ཞིང་གུང་སྒྲིག་པ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་རེད།འདིའི་སྐོར་ལ་དེང་གི་སུམ་རྟགས་མཁས་པ་ཕལ་ཆེར་གྱིས་རྒྱ་ཡིག་གི་པེའོ་ཏེན་མི་དགོས་ཚུལ་བཤད་པ་བགྲང་གིས་མི་ལངས།ཚིག་བརྒྱ་མདོར་དྲིལ་ན་གནས་ལུགས་གཅིག་ཏུ་འཁུམས་ཏེ།བོད་ཡིག་ལ་ཚིག་ཕྲད་འདང་འདང་ཡོད་པས་རྒྱ་ནག་གནའ་ཡིག་ལྟར་ཚིག་རྒྱ་མི་གསལ་བའི་ངལ་བ་མེད་པས་ན་སྲོལ་རྒྱུན་བོད་ཡིག་གི་ཡིག་རྒྱུན་ཧ་ཅང་འཐུས་ཚང་ཞིང་ལོ་རྒྱུས་ཀྱི་རྒྱུན་ཆགས་པ་འདི་ཡིས་འཐུས་པས།སྦྲུལ་ལ་རྐང་ལག་འབྲི་བའི་ངལ་བ་མ་མཆིས་ཟེར་བའི་སྐད་ཆ་དེ་རེད།དེ་ལས་ལྷག་པའི་རིགས་ལམ་ཐད་ཀྱི་དགག་ལན་ཕྲན་གྱིས་ད་སྔ་བར་མ་རིག་པས་དེ་ལྟར་འདང་རེ་རྒྱབ་ན་འགྲིག་འདུག་བསམ།
ཡིན་ཡང་སླར་འདང་རེ་རྒྱབ་ན་ཡང་དོགས་གཞིའམ་བློ་སྐྱེད། གྲོས་འདེབས་ཅུང་ཙམ་ཡང་ཡོད་དེ།
གཅིག་ན་བོད་ལ་རྒྱ་ཡིག་གི་ཚེག་ཤད་སོགས་ཀྱི་རྐྱེན་ཡིག་མི་དགོས་རུང་འཛམ་གླིང་གི་དེང་རབས་ཡི་གེ་ཕལ་མོ་ཆེ་རུ་པེའོ་ཏེན་བཀོལ་བཞིན་པས།རྒྱ་ནག་གིས་དགོས་ན་བོད་ལ་མི་དགོས་ཟེར་ན་ཅིག་འགྲིག་གམ་སྙམ་བྱུང་།བོད་ཡིག་དང་འདྲ་བར་འཛམ་གླིང་སྟེང་དུ་ནུབ་ཕྱོགས་པའི་རྐྱེན་ཡིག་མ་ལག་འདི་མ་ཐོན་གོང་ལ་མི་རིགས་གང་མང་ཞིག་གིས་པེའོ་ཏེན་བཀོལ་བཞིན་མེད་མོད།མི་རིགས་རྒྱལ་ཁབ་གང་མང་ཞིག་གིས་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱི་བཙན་གནོན་ནམ།མི་རིགས་གཞན་པའི་གཉའ་གནོན་ཐེབས་དུས་ཡིག་རིགས་ཕལ་མོ་ཆེ་ཞིག་གི་སྲོལ་རྒྱུན་བརྡ་དག་དང་བརྡ་སྤྲོད་ཀྱི་འགྱུར་ལྡོག་ལ་ཆོས་ཉིད་ཉུང་ཞིང་སྦྱོང་ཚེགས་དཀའ་བ།མང་ཚོགས་ཀྱིས་སློབ་སྦྱོང་དཀའ་བར་དམིགས་ནས་སླ་བཅོས་ལས་འགུལ་རབ་དང་རིམ་པ་བཏང་། དཔེ་གསོན་པོ་རྒྱ་ཡིག་ལྟ་བུ་རེད།སླ་བཅོས་ལས་འགུལ་ལ་ཡང་བཟང་བཅོས་དང་ངན་བཅོས་རེ་ཡོད་དེ།བརྡ་དག་གི་མིང་གི་འགྱུར་ལུགས་མིང་ཚིག་རིག་པ་དང་བརྡ་སྤྲོད་ཀྱི་ཕྲད་ཀྱི་འགྱུར་ལུགས་ཚིག་ཕྲད་རིག་པ་དེ་སླ་བསྡུས་ཁོ་ན་མ་ཡིན་པར་ཆོས་ཉིད་ཅན་དང་མ་ལག་ཅན་དུ་འགྱུར་ལྡོག་གཏོང་ཐུབ་ན་བཟང་བཅོས་རེད།        
དེ་མིན་དམིགས་བསལ་གྱི་འགྱུར་ཚུལ་མང་ཞིང་ཡི་གེའི་ཟོར་ཙམ་ཇེ་བདེར་བཏང་ནས་སྲིད་འཛིན་པའི་ཁ་མིང་རེ་གཡར་ན་ཧ་ཅང་བཟང་བཅོས་ཞིག་ཏུ་མི་འགྲོ་བར་ཡིག་རྒྱུན་གཉིས་འགལ་ཏུ་གྱུར་འགྲོ་བ་ནི་དཔེར་ན་དེང་གི་རྒྱ་ཡིག་ལ་སླ་འབྲི་དང་གནའ་འབྲི་ལྟ་བུ་ཡོད་པ་དང་འདྲ།དེ་ལ་ཀློག་ཀླད་ཀྱིས་ཕལ་ཆེར་ཐག་བཅད་ཡོད་རུང་མང་ཚོགས་ལ་མཚོན་ན་ཡིག་རྒྱུན་ཅིག་ལ་རིང་ལུགས་གཉིས་ཀྱི་ཁྱེར་ཡན་དུ་སོང་འདུག་པ་མངོན་གསལ་རེད།    
དེ་ན་བོད་ཡིག་ལ་འགྱུར་ལྡོག་ཅི་ཡང་མ་བཏང་བར་སྲོལ་རྒྱུན་རྐྱེན་ཡིག་གིས་འཐུས་ཟེར་ན་སློབ་གྲྭར་འགྲིམ་པའི་སློབ་མ་གང་མང་གིས་དོགས་པ་ཅི་ཡང་མི་ཟ་ཟེར་ན་སྐྱག་རྫུན་ཡིན་པ་གདོན་མི་ཟ་སྟེ།བོད་ཀྱིས་དེང་རབས་ཅན་ཞེས་རིག་གནས་ཡར་སྐུལ་མང་པོ་མ་བརྒྱུད་པར་དེང་རབས་ཅན་གྱི་ཡོན་ཏན་གང་མང་ཞིག་མིག་མཐོང་ལག་ཟིན་གྱིས་མྱོང་བཞིན་པ་ནི་ཤ་སྟག་ཡིན་པས།གང་ལྟར་ཀྱང་ནུབ་ཕྱོགས་དེང་རབས་ཅན་གྱི་ཟ་ཁང་ལ་སོང་ནས་འདོད་འདོད་ཞིག་ཟས་པ་ལ་ཟས་རིན་ཅི་ཡང་མ་སྤྲད་པ་ལྟ་བའི་ཐེ་ཚོམ་ཞིག་སྐྱེས་སྲིད།དེ་ལ་སུམ་རྟགས་ལས་ཕྱི་ཡིག་སྦྱངས་མེད་པའི་བོད་ཀྱི་མཁས་པ་དག་གིས་ནུབ་ཕྱོགས་ཟ་མ་ཟོ་དང་ཟ་རིན་སྤྲོད་དགོས་མི་འདུག་པའི་གནས་ལུགས་གང་མང་བཤད་ནས་སེམས་ཅུང་བདེ་བར་སོང་བ་ནི་བདེན།
བདེན་རུང་དོགས་མི་བདེ་ས་ཞིག་ཡོད་དེ།བོད་ཡིག་ལ་དངོས་གནས་ཚེག་ཤད་མི་དགོས་སམ།ཡང་ན་ང་ཚོའི་མི་ཚེའི་ཉམས་མྱོང་ལས་མི་དབུགས་ཁ་ཤོར་དུས་འབྱུང་བ་འཁྲུག་སྟེ་རང་སྣང་སྐྱིད་པོ་དང་།རང་ཚིགས་ཡག་པ།མཆིན་པའི་འབྱིད་ནུས་ཤོར་ཏེ་མདོག་ལྡན་མིག་ཤེལ་མ་གོན་རུང་སེར་པོ་ཁོ་ན་རིག་པའི་ནད་པ་ལྗིད་མོ་ཅན་ཏུ་སོང་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཞིག་དབང་མེད་དུ་སྐྱེས།ཚོར་བ་འདི་རིགས་འཁྲུལ་སྣང་མིན་ན་བསམ་བྱུང་།སློབ་གཤོལ་ཅོལ་ཆུང་འགའ་ཡི་འཁྲུལ་སྣང་ཡིན་ན་འགྲིག་བཞགདེ་མིན་མི་རིགས་ཡོངས་ཀྱིས་བསམ་ཚུལ་ཡིན་ན་ད་ཅིག་མ་འགྲིག་སྙམ།དེ་ལ་དབྱིན་ཡིག་གིས་བཤད་ནtoo-good-tobe-trueཞེས།དེ་འདྲའི་སྐྱིད་པོ་ཨེ་ཡོད་ན་བསམ་པའི་སེམས་ཚེགས་རེ་སྐྱེས་རྒྱུ་ཡོད་ན་སློབ་གྲྭར་དོགས་དཔྱད་ཤེས་དད་ཀྱི་བརྩོན་འགྲུས་བསྟེན་མྱོང་བའི་སྔོན་ཆད་ཀྱི་སློབ་མ་ཞིག་གི་རྒྱུན་ལྡན་ཆུ་ཚད་ཀྱི་གོམས་གཤིས་ངན་པ་རེའང་ལོས་ཡིན་སྙམ་འགྲོ བོད་ལ་ཚེག་ཤད་མི་དགོས་རུང་།མཚམས་རེ་ཅིག་ཡོད་ནའང་སྐྱོན་མི་འདུག་སྙམ་རྒྱུ་གནས་ཚུལ་འགའ་རེའང་ཡོད་དེ།  
དཔེར་ན་ངག་ཐོག་རྩོམ་རིག་གི་སྐབས་འགའ་རེ།དཔེར་ན་བོད་ཀྱི་སྙན་ངག་པ་འགས་མཚམས་རེར་དུངས་བརྗོད་སྙན་ངག་དང་དོན་བརྗོད་སྙན་ངག་འབྲི་དུས་སུ།བོད་ཡིག་ལ་རྒྱ་ཡིག་ལྟ་བུའི་ཀན་ཐན་ཧའོ་འགའ་རེ་མེད་པས།ཧ་ཅང་དུངས་བ་དང་གདུང་བ་མི་ལྕོག་པ་ཡོད་པ་མཚོན་བྱེད་དུ་མིང་ཚིག་བྱ་ཚིག་གི་རྗེས་སུ་རྩྭ་ཐང་ཨ་དང་ཕ་ཡུལ་ཡ།ཨོ་དང་ཡོ།ཨང་དང་ཨིན་སོགས་འཁུན་སྔགས་ཀྱི་སྒྲ་གང་མང་རེ་སྦྱོར་མི་དགོས་ཏེ།བོད་ཡིག་གི་གཏེར་ཤད་ལས་གཏེར་ཤད་དེའི་ཚེག་ཅིག་དང་ཤད་ཅིག་གིས་རྒྱ་ཡིག་གི་ཀན་ཐན་ཧའོ་རེ་ཚབ་བྱེད་ན་བོད་སྤྱི་ལ་གནོད་པ་ཧ་ཅང་ཆེན་པོ་མི་བཟོ་སྙམ་ལ།སྙན་ངག་པས་ཁོང་གི་སྙན་ངག་ཕལ་ཆེར་དུངས་བརྗོད་ཡིན་ཞེས་ན་ཡིན་ཏུ་འཆིག་མོད།དགོན་པའི་བཤེས་གཉེན་རྣམ་པས་ཀློག་ཡོང་ན་སྙན་ངག་གསར་བ་དག་ཀྱང་རྣ་ལ་གཟན་པའི་ཚོད་དུ་མི་འགྲོ་སྙམ་ཞིང་དོན་མེད་ཀྱི་ཨ་ཨོ་ཨང་ཨོང་ལྟ་བུའི་སྒྲ་ལྷག་འགའ་རེ་ཟོར་ཡང་དུ་བཏང་ཐུབ་སྙམ་མོ།དོན་བརྗོད་སྙན་ངག་པ་དང་ཐ་ན་བརྩམས་སྒྲུང་འཁྲབ་ཚིག་འབྲི་བཞིན་པའི་རྩོམ་པ་པོ།མང་ཚོགས་དཀྱིལ་མས་སྐད་འཕྲིན་ནས།ཨ་རོ།འགྱོ།ལྟ་བུའི་སྐུལ་ཚིག་དང་བརྣན་ཚིག་གང་མང་ཀྱང་གཏེར་ཤད་ཅིག་གིས་གསལ་འདེབས་རེ་ཡོད་ན་སྐབས་ཐོག་འདི་རུ་ཚིག་གི་གདངས་མཐའ་མ་དྲག་པོས་ཚིག་འདི་ཚིག་བཙན་པོ་མ་ཞིག་ཡིན་པ་ཤེས་ཐུབ་སྟེ།རྩོམ་རིག་ལ་མི་དགའ་བའི་དགེ་བཤེས་འགའ་རེས་ཁ་སྐད་ཅན་གྱི་རྩོམ་ཡིག་དག་ཁ་ནས་ལྕེ་ཆོག་ལ་འདོན་པའི་ངལ་བ་གང་མང་སྤུང་ཐུབ་སྙམ།
མདོར་ན།གཏེར་ཤད་ཅིག་གིས་སྙན་ངག་པའི་དུངས་བརྗོད་སྙན་ངག་དང་གྲོང་ཆག་པའི་དོན་བརྗོད་ཁ་འདོན་གང་མང་གི་རྩོད་པ་སེལ་འགྲོ་ལ།རང་རང་གི་དགའ་ཕྱོགས་བྲིས་ན་མི་ཆོག་རྒྱུ་ཆེ་མེད་འགྲོ་སྙམ།ལས་བྱེད་པ་དཀྱིལ་མས་ཀྱང་སྐད་འཕྲིན་སྟེང་ཨ་རོ!ཆེད་ཀོད?!སན་ཆོ་ཡིས!ཡོང་རྒྱུ?ད་རུང་མ་འི!ཤོག་ཡ!ཡ་ཡ!ད་ཤོག!ཡོང་གོད!མགྱོགས་པ!ཐོན་སྡོད!སོགས་མིང་ཚིག་ཐལ་སྐྱ་འདྲ་དག་ཁ་ཤགས་འདྲ་གསོན་ཉམས་ལྡན་པ་ཞིག་ཏུ་བསྒྱུར་ཆོག་པས།རྩོམ་པ་པོ་འགའ་རེས་ཡང་བོད་ཡིག་ལ་ཁ་སྐད་ཀྱིས་མཚོན་ཤུགས་མི་ལྡན་ཟེར་རོགས་མི་ཆོད་སྙམ།ཤད་ཅིག་པོའི་འགྱུར་གཟུགས་འདི་འདྲ་ཁ་ཤས་ཡོད་རྒྱུ་ན།སྤྱི་ཚོགས་དང་དགོན་སྡེ།སློབ་གྲྭ་བར་གྱི་རྩོད་པ་མང་པོ་ཞིག་བཏང་སྙོམས་ལ་འཇོག་ཆོག་སྙམ་སྟེ།ཚེག་ཤད་ལ་དགའ་ནི་ཚོས་ཚེག་ཤད་ཡིན་བསམ་པ་དང་ཚེག་ཤད་ལ་མི་དགའ་ནི་ཚོས་ཚིག་ཤད་ཕྱིན་ཅི་ལོག་རུང་ཤད་ཅིག་ཡིན་ཞེས་སྒོམ་ན་ཕན་ཚུན་ལ་འཁང་ར་ཆེན་པོ་མེད་འགྲོ་སྙམ་མོ།ཤད་ངན་པ་འདི་རིགས་གལ་ཏེ་མཁས་པ་ཚོའི་མིག་ལ་ཤིན་ཏུ་གཙེས་ན་ཤོག་ཐོག་ལ་མ་བཏབ་ནའང་ཆོག།ཕན་ཚུན་སྐད་འཕྲིན་རེ་བསྐུར་བ་ལ་སུམ་རྟགས་མཁན་པོ་ཚོས་ཀུ་ཡངས་རེ་གནང་ན་ལོས་ཆོག་གི་ལོས་ཆོག་སྙམ་མོ།སྣང་ཚུལ་འདི་ལ་འདྲ་ཤས་དཔེ་རེ་ཡོད་པ་ནི།ཨ་རབ་ཡི་གེ་དང་སི་ཕེན་ཡི་གེ་ལྟ་བུ་ལ་ཡང་སྔ་མོ་ནས་རྒྱ་ཡིག་ཚེག་ཤད་དང་འདྲ་བའི་རྒྱལ་སྤྱིའི་རྐྱེན་ཡིག་བཀོལ་གྱིན་མེད་མོད།ཕྱིས་སུ་ཚགས་པར་དང་དྲ་རྩོམ་དར་བ་ནས་རང་གི་ཡིག་རྒྱུན་དང་འབྲི་སྲོལ་ལ་མཚམས་ཞིང་པེའོ་ཏེན་ཧྥུ་ཧོ་ལ་ཡང་མཐུན་སྦྱོང་ཡོད་པའི་རྐྱེན་ཡིག་སྐོར་ཅིག་གསར་གཏོད་བྱུང་ཡོད་པ་ལས་མ་མཐའ་རྟགས་འདི་གཉི་ག་ཡོད་ན་མི་ཆོག་རྒྱུ་མེད་འགྲོ་སྙམ། དཔེར་ན། འདྲི་རྟགས། བརྣན་རྟགས།  
 

གཉིས་ནས་གོང་གི་ཚེག་ཤད་བཀོལ་ན་འགྲིག་མེད་ཟེར་ན།ཕྲན་ལ་ཡང་བསམ་ཚུལ་ཆུང་ཆུང་ཞིག་ཡོད་དེ།བོད་ལ་གནའ་སྔ་མོ་ནས་གཏེར་འདོན་རིག་གནས་ཅིག་མཆིས་པས།ཡིག་ཁྲིམས་ཧ་ཅང་བཙན་དུས་གཏེར་ཡིག་བཀོལ་བའི་སྲོལ་ཞིག་མཆིས་ཏེ།ཚེག་དང་ཤད་ལ་གནའ་ཡིག་ནས་གཏེར་ཚེག་དང་གཏེར་ཤད་རེ་སྒེར་འོག་ནས་བཀོལ་ན་མཁས་པ་ཚོར་བསམ་འཆར་ཆེན་པོ་མེད་འགྲོ་སྙམ་ཡང་།ཡང་གཏེར་ཡིག་ལ་དབང་གི་ཆོ་ག་དགོས་བྱུང་ཟེར་ན་དཀའ་མོ་ཞིག་ལ་བསྐྱལ་འགྲོགང་ལྟར་བོད་ལ་ཚེག་ཤད་མི་དགོས་པ་མི་བོད་ཡིག་གི་བཟང་ཆ་གཞི་བཞག་ཡིན་རུང་།ལུའུ་ཞུན་གསུངས་བ་མ་ལོག་ན་མ་བརྐུས་སྡུག་གྱོང་ཡིན་པ་དང་།དེང་གི་དྲ་རྩོམ་ཕལ་ཆེར་ལ་ཁ་སྐད་ཀྱི་མཚོན་ཤུགས་དང་གསོན་ཤུགས།ཡང་ན་སྐྱེན་སྟོབས་ཤིན་ཏུ་ཞིབ་པས་ཚེག་ཤད་འགའ་རེ་བོད་ཡིག་གི་འབྲི་སྲོལ་དང་མཐུན་པའི་སྒོ་ནས་ངག་རྩོམ་འགའ་རེའི་རྩོམ་རིག་གི་མཚོན་ཤུགས་བླ་ལྷག་ཏུ་ཕྱུང་ཐུབ་ནའང་མི་ཆོག་རྒྱུ་མེད་པས།
མདོར་ན་བོད་ཡིག་ལ་ཚེག་ཤད་ཡོད་ཆོག་པ་དང་།ཡོད་ཐུབ་ན་རབ་རེད་ཅེས་པའི་དོན་ཡིན།སླར་ཡང་གློ་བུར་དྲན་རྒྱུ་བགོད་གཏམ་ཞིག་ལ།དེང་གི་བོད་ཀྱི་སློབ་མ་འགའ་ཤས་ཀྱིས་ང་ལ་བོད་ཡིག་ལ་དེང་རབས་རྐྱེན་ཡིག་མེད་པས་ཨ་རོགས་གདའ་མི་ཐུབ་ཞེས་གསུང་བ་ཅིག་ཅིག་མིན་ན་བདེན་རྒྱུ་རེད་སྙམ་རྒྱུ་ཤར་ཏེ།སྐད་འཕྲིན་སྟེང་ནམ་ཡང་ཤད་ལས་ཚེག་ཤད་མ་རིག་དུས། གློའུ་མོ། ཤོབ་ཤོད། ཡུམ། རྫ་ནེ་རྫུ་ནེ། དགེ་བཞོག གཅེས་ན། ཨུའུ་བ། ཡིན་རྒྱོ། མ་ཤེས་ཏ། དཔའ་བཀོར་ལྟ་བུ་ཚྭ་མེད་པའི་ཚོས་དང་ཀུ་རེ་མེད་པའི་གཏམ་ལ་ཤོར་འགྲོ་བས་གསར་བུའི་ཚོའི་ཁོག་སྡུག་ལ་ཁ
ཆེས་གསར་བའི་དྲི་བ། ཟླ 8 1 རིགས་གྲས།:བོད་སྐད་ཡིག་གི་ཉེར་མཁོའི་ཤེས་བྱ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...