འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འཛམ་གླིང་གི་ཁེ་ལས་པ་གྲགས་ཆེན་བྷེར་ཀེར་ཚིའི་གཏམ་བཤད།

འདེམ་ཤོག 0

 

འཛམ་གླིང་གི་ཁེ་ལས་པ་གྲགས་ཆེན་བྷེར་ཀེར་ཚིའི་གཏམ་བཤད།

                   

                   བསོད་ཐར་གྱིས་བསྒྱུར།                 

གཅིག  འཇིག་རྟེན་འདི་ན་འདྲ་མཉམ་ཟེར་བ་ཞིག་མེད།རྒྱུ་མཚན་དེའི་དབང་གིས། ཁྱེད་ལ་དགོས་པ་ནི་རང་གིས་སྦྱོང་སྟོབས་ལ་བརྟེན་ནས་དཀའ་སྡུག་དང་གོམས་ཁ་འཇུག་རྒྱུ་དེ་ཡིན།

 

གཉིས།  མི་བུ་སུ་ཞིག་གིས་ཀྱང་མི་མངོན་པའི་ནུས་སྟོབས་ཞེས་པའི་ནུས་པ་འདི་ལ་ཡིད་ཆེས་མི་བྱེད།  ཡིན་ན་ཡང་།  ཁྱེད་ཀྱིས་བསྒྲུབ་པའི་བྱ་བ་རེ་རེ་བཞིན་གཞན་ལ་བདེན་དཔང་བྱེད་དགོས་ཚེ་ནུས་སྟོབས་འདི་ལས་གཞན་ཞིག་མེད།

 

གསུམ།  རྒྱལ་ཁའི་རྟེན་འབྲེལ་གྱི་ལས་དོན་དེ་ཡག་པོ་རེད། འོན་ཏེ་ཕམ་ཁ་བྱུང་བའི་བསླབ་བྱ་དང་ཉམས་མྱོང་བསྡུ་ལེན་བྱེད་རྒྱུ་ནི་རྒྱལ་ཁའི་རྟེན་འབྲེལ་ལས་ཀྱང་གལ་ཆེ།

 

བཞི།  སྐབས་རེར་དོན་དག་སྒྲུབ་པར་ཐག་གཅོད་བྱས་རྗེས།ཉིད་ཀྱིས་ཕྱིར་འགྱངས་མ་བྱེད།  བྱ་བ་གང་ཞིག་བསྒྲུབ་ན་འདོད་པ་དེ་ཁྱེད་ཀྱིས་སྒྲུབས་ཤིག   འཕྲལ་དུ་ལག་བསྟར་བྱོས་ཤིགདུས་ཚོད་ཀྱིས་ཁྱེད་ལ་ལེགས་ཉེས་ཀྱི་དབྱེ་འབྱེད་བྱེད་ངེས།

 

ལྔ། མི་ཚང་མས་ཤེས་གསལ་ལྟར།  ལེགས་འགྲུབ་ནི་རྟག་པར་རྒྱུན་འཁྱོངས་བྱས་ནས་ཐོབ་པ་ཞིག་ཡིན་ན་འང་། མང་བོ་ཞིག་གིས་རྒྱུན་འཁྱོངས་ཐུབ་རུང་ལེགས་འགྲུབ་ལས་ལྡོག་སྟེ་ཕམ་ཁ་རུ་ལྷུང་འགྲོ །    ཁོ་ཚོས་བསླར་ཡང་རང་ཉིད་གང་ཞིག་ནས་ལྷུང་ན་དེ་ནས་ཡར་ལང་ཐབས་བྱས་ཏེ་མདུན་དུ་སྐྱོད་པ་ནི་ཅིའི་ཕྱིར་ཡིན་ནམ།

 

དྲུག  ཕམ་ཉེས་བྱུང་བ་ནི་དོན་ངན་ཞིག་རེད།  ཡིན་ཡང་ཕམ་ཉེས་ཐེངས་གཅིག་གིས་ཁྱེད་ལ་སློབ་སྟོན་མང་བོ་ཞིག་སྟེར་ཐུབ།  ཆ་བཞག་ན་ཁྱེད་ཀྱིས་སློབ་ཆེན་ལས་

སྦྱོང་བ་མཐའ་དག་ལས་ཕམ་ཉེས་ཀྱིས་ཁྱེད་ལ་གནང་བའི་སློབ་སྟོན་གཅིག་དེ་འཚོ་བའི་ཁྲོད་ནས་ཆེས་དགོས་མཁོ་ཆེ་ས་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་རེད།

 

བདུན།  མ་རྩ་སྟོངས་པ་གྱུར་པ་དེ་རེ་ཞིག་གི་དཀའ་གནས་སུ་ལྷུང་བ་ཙམ་ཡིན།  འོན་ཀྱང་།  འཁོས་ཀ་ཞན་པའི་དབུལ་ཁྱིམ་གྱི་རིགས་སུ་ལྷུང་བའི་མི་ཚེ་ནི་དཀའ་སྡུག་ཤ་སྟག་རེད།དེའི་གནད་དོན་གྱི་ཡོངས་སྙིང་ནི་བསམ་བློའི་གནས་སྟངས་ཤིག་ལ་ཐུག་ཡོད།  

 

བརྒྱད།  གྲོན་དུ་གཏོང་བའི་སྒོར་མོ་བརྒྱ་ཡིས་དཔེ་དེབ་གཅིག་ཉོ་ཐུབ།ལྷག་ཏུ་རང་ཉིད་ཀྱིས་འཚོལ་བསྡུ་བྱེད་ཐུབ་པ་ནི་གཞན་གྱི་ཤེས་རབ་དང་ཉམས་མྱོངས་ཡིན།  ཡིན་ཀྱང་།  གལ་སྲིད་ཁྱེད་ཀྱིས་ཡོངས་རྫོགས་གཞན་ལྟར་ལད་མོ་བྱས་ཚེ།  སྟག་གཅིག་བྲིས་པ་དེའང་རིགས་གཞན་པ་ཁྱི་གཟུགས་ཤིག་ཏུ་འགྱུར་འགྲོ།

 

དགུ   རང་ཉིད་ཀྱི་ཆེད་དུ་བརྩོན་པ་དྲག་པོས་མདུན་དུ་བསྐྱོད།རྒྱུན་འཁྱོངས་ལྷོད་མེད་གྱིས།  ལེགས་འགྲུབ་ཀྱིས་ཁྱེད་རང་ཀྱག་ཀྱོག་མང་བའི་གསང་ལམ་གྱི་ཟུར་ཞིག་ནས་སྒུག་ཡོད།རྟེན་འབྲེལ་གྱི་ཆང་ཕོར་ཞིག་ཀྱང་བཟུང་ནས་སྒུག་ཡོད།

 

བཅུ།   བྱ་བ་གང་ཞིག་ཡིན་ན་ལེགས་འགྲུབ་འབྱུང་བའི་སྔོན་འགྲོ་གཉིས་ཡོད།  གཅིག  རྒྱུན་འཁྱོངས་བྱེད་ཐུབ་པ།གཉིས།    སྡུག་རུས་སམ་བཟོད་སྲན་ཐུབ་དགོས།

སྐབས་དེར་ཆེས་འཇིགས་སུ་རུང་བའི་དགྲ་བོ་གཅིག་ཁྱེད་ཀྱི་འགྲམ་ན་ཡོད།   དེ་ནི་ཁྱེད་ཀྱིས་རྒྱུན་འཁྱོངས་ལ་དད་སེམས་དང་ཡིད་ཆེས་བོར་བར་བྱེད་པའི་རྨོངས་པ་དེ་ཡིན།

ཆེས་གསར་བའི་དྲི་བ། ཟླ 8 14 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...