འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དུང་ཡོན་གྱི་སྒྲུང་ཐུང་ཁག་བཞི།

འདེམ་ཤོག 0

༄༅།།བྱམས་སྐུས་རྒྱན་པའི་མི།སྒྲུང་ཐུང་ཞེ་དྲུག་པ། 
དུང་ཡོན་གྱིས།                                        
 དེ་ཡང་མི་ཞིག་གིས་རྒྱལ་བ་བྱམས་པའི་སྐུ་ཡོད་པའི་ཞྭ་མོ་ཞིག་མགོ་ལ་གྱོན་ནས་དགོན་པའི་ཕྱི་སྐོར་ལ་སོང་།  ཚུལ་དེ་མཐོང་བའི་མི་རྣམས་ལམ་འོག་ཏུ་བརྒྱུགས་ཏེ་ལུས་སྒུར་སྒུར་གྱིས་གུས་ཞབས་བྱས།  མི་དེས་རང་ལ་གུས་པ་བྱེད་ཀྱིན་འདུག་སྙམ་པས་ང་རྒྱལ་དང་བཅས་ཏེ་མི་གཞན་པ་དག་གི་མགོ་ལ་ལག་པ་བཞག་ནས་མཇལ་ཁ་གནང་གྲབས་བྱེད་སྐབས།  དེར་ཡོད་པའི་གྲྭ་བ་ཞིག་གིས་དགོད་ཞོར་དུ་ན་རེ།  ཨ་རོག  གླེན་པ།  རྒན་རྒོན་འདི་དག་ཞྭའི་སྟེང་གི་རྫེ་བཙུན་བྱམས་པའི་སྐུ་ལ་གུས་པ་ལས་ཁྱེད་ལ་གུས་པའི་རྨོངས་དད་ཀྱི་ཚད་ལ་ད་དུང་ཐོན་མེད་གསུངས་སོ།།

༄༅།།གསེར་ཉ་དང་ཁྱི། སྒྲུང་ཐུང་རེ་གཉིས་པ། 
དུང་ཡོན་གྱིས།                                                
དེ་ཡང་ཁྱི་ཞིག་གིས་རྐུན་མ་བདའ་འདེད་བྱས་ནས་གཙང་པོ་ཞིག་བརྒལ་བའི་དུས་སུ།  སྟབས་མ་ལེགས་པར་རྦ་རླབས་ཀྱིས་ཁྱེར་བས། འཇིགས་སྐྲག་ཚད་མེད་དང་བཅས་ངུ་འབོད་བྱས།  གཙང་བོའི་ནང་གི་གསེར་ཉས་ངུ་འབོད་ཐོས་པའི་མོད་ལ་འདི་སྐད་ན་རེ།  ཀྭ་ཡེ།  གྲོགས་པོ་ཁྱི་ལགས།  ཁྱོད་རང་ཐེངས་གཅིག་གཙང་པོའི་ནང་དུ་ལྷུང་ནས་ཆུ་འགྲམ་དུ་ཁུར་ཚེ་འཇིགས་སྐྲག་གི་ངུ་འབོད་འདི་འདྲ་ཞིག་བྱེད་དགོས་ན།  ང་ཚོ་གསེར་ཉ་དང་འདྲ་བར་མི་ཚེ་གང་བོར་གཙང་པོའི་ནང་དུ་འཚོ་དགོས་ན་ཇི་ལྟར་བྱ་ཞེས་སྨྲས་སོ།།

༄༅།།ཨ་མའི་གུ་དོག་པའི་སེམས་པ་དང་ཚེ་རིང་།  སྒྲུང་ཐུང་རེ་བདུན་པ།  
དུང་ཡོན།                                        

སློབ་སྦྱོང་ལ་བཟང་ཞིང་ཀུན་སྤྱོད་ལེགས་པའི་བུ་ཆུང་ཚེ་རིང་དུས་རྒྱུན་སློབ་གྲྭ་གྲོལ་རྗེས་ལས་བྱ་བྲིས་ཚར་བ་ན།   ཨ་ཕའི་གམ་དུ་སོང་ནས་འདུག་པ་མ་ཟད།  དགོང་མོ་ཉལ་སྐབས་ཀྱང་ཨ་ཕའི་རུམ་ནས་ཉལ་བར་དགའ།  དེ་བས་ཨ་མའི་བསམ་པར།   བུ་འདི་ཨ་ཕར་དགའ་བ་ལས་ང་ལ་མི་དགའ།  གལ་སྲིད་ནར་སོན་ནའང་ཨ་ཕར་ཤ་ཚ་བ་ལས་ང་ལ་ཤ་མི་ཚ་བར་གྱུར་ན་དཀའ་ངལ་ཆེའོ་སྙམ་ནས།  ཨ་མས་ངལ་གསོ་དང་ཁོམ་པ་གང་ཡོད་སྐབས།  བུ་དེ་སྲང་ལ་ཁྲིད་ནས་ཞོར་ཟས་སྣ་ཚོགས་ཉོས་ཏེ་ཟ་རུ་བཅུག  ཉིན་ཞིག་བུ་དེར་དྲག་དཀའ་བའི་རུས་ནད་ཅིག་བྱུང་བར།  སྨན་པ་ན་རེ།  འདི་ནི་ཞོར་ཟས་ཀྱི་སྐྱོན་རེད།  ད་ནི་སྐྱོབ་པའི་ཐབས་མི་འདུག་ཅེས་བཤད་མ་ཐག   བུ་ཆུང་ཚེ་རིང་གིས་སྨྲས་པ།    ངས་ཞོར་ཟས་མ་ཟོས་ན་ཨ་མ་ལགས་ཀྱི་སེམས་སྡུག་རྒྱུ་རེད་སྙམ་པ་ཡིན།  འོན་ཀྱང་ང་ཨ་ཕ་དང་མཉམ་དུ་འདུག་པར་དགའ་བ་ནི་ཨ་མར་མ་དགའ་བས་མ་ཡིན་པར།  ཨ་མ་ལགས་ཀྱི་ལས་ཀར་བར་ཆད་མི་ཡོང་བའི་ཆེད་དང་།  ཨ་ཕ་ལགས་ཀྱི་གནས་ལུགས་སྣ་ཚོགས་དང་ཉལ་ཁའི་གནའ་གཏམ་ལ་ཉན་འདོད་པས་ཡིན་ཞེས་སྨྲས་སོ།།

༄༅།།གྲྭ་བ་དང་ཤན་པ།སྒྲུང་ཐུང་རེ་ལྔ་བ། 
དུང་ཡོན་གྱིས།                                         
ཉིན་ཞིག་ལ། གྲྭ་བ་ཞིག་བཤས་ཁང་དུ་སོང་སྟེ་ན་རེ།  ཀྱེ་ཀྱེ་ཤན་པ་ལགས།  ཁྱེད་ཀྱིས་ལས་ངན་པ་སྡིག་པ་ཚབས་ཆེན་འདིའི་མཚམས་འཇོག་རོགས་ཞུ།  དེ་མིན་ན་ཁྱེད་རང་དམྱལ་བར་ལྷུང་ནས་སྡུག་བསྔལ་བཟོད་མི་ཐུབ་པ་མྱོང་ངེས་ཞེས་ཆོས་བཤད་པར།  ཤན་པ་ན་རེ།  གྲྭ་བ་ལགས།  ཁྱེད་ཀྱིས་གསུངས་བ་བདེན་མོད།  ངས་མཚམས་བཞག་ན་ཤན་པ་གཞན་ཞིག་ཐོན་འཇོག་པ་དང་།  ཡང་དེའི་འཚབ་ཏུ་གཅིག་ཐོན་པའང་གདོན་མི་ཟ་བས། ཁྱོད་ཀྱིས་ངའི་འཚབ་མི་བྱེད་པའང་ངས་ཤེས།  དེ་ལས་ཁྱོད་ཀྱིས་སེམས་ཅན་དང་བདག་གི་ཆེད་དུ་སེམས་བསྐྱེད་དེ་བསྔོ་སྨོན་གསུང་ན་ལེགས་ཞེས་སྨྲས་སོ།། 


 

ཆེས་གསར་བའི་དྲི་བ། ཟླ 8 14 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...