འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༄༅།།ང་ཚོ་དྲན་གཤིས་ཀྱིས་བཙོས་ནས་ནུར་འདུག

འདེམ་ཤོག 0

༄༅།།ང་ཚོ་དྲན་གཤིས་ཀྱིས་བཙོས་ནས་ནུར་འདུག                    

དུང་དཀར་ཡོན་ཏན་རྒྱ་མཚོ།                                    
     

 སུ་ལ་བྲན་གཤིས་ཀྱི་འདུ་ཤེས་དྲག་ན་དེ་ལ་དེ་ལྟར་དུ་རྒུད་པ་མང་། དེ་བས་ང་ཚོས་བྲན་གཤིས་ཀྱི་ངོ་བོ་དང་དེའི་འཇིགས་སྐྲག་རང་བཞིན་ངོས་ཟིན་པའི་སྟེང་ནས་དེ་ལ་རྒོལ་བ་བྱེད་དགོས། དེ་ན་ཅི་ཞིག་ལ་བྲན་དང་གང་ཞིག་ལ་གཤིས་ཟེར་རམ་ཞེས་ན། གྲལ་རིམ་སྤྱི་ཚོགས་སུ་བཤུ་བཞོག་བདག་པོས་བཤུ་བཞོག་དང་གཉའ་གནོན་བྱེད་ཅིང་བྲན་ཏུ་བཀོལ་བའི་རང་ལུས་རང་ལ་མི་དབང་བའི་མིའི་རིགས་ལ་བྲན་ནམ་བྲན་གཡོག་ཅེས་འབོད་པ་རེད། གཤིས་ནི་མིའི་རང་གཤིས་དང་གཤིས་ཀ་སོགས་ལ་གོ་ཞིང་། བྲན་གཤིས་ནི་མི་དམངས་ལ་གཉའ་གནོན་བྱེད་ཡུན་རིང་བའི་དུས་རིམ་ནང་དུ་བྲན་བདག་ཚོར་ཁོ་རང་ཚོ་ནི་བྲན་གཡོག་ལ་གཉའ་གནོན་བྱེད་མཁན་དེ་ཡིན་ཤག་ཤག་གི་སྣང་ཚུལ་དང་གཤིས་ཀ་རྒྱུད་ལ་མངའ་བས་ཁོ་རང་ཚོར་བྲན་གཤིས་ཤིག་ཐེ་ཚོམ་མེད་པར་ཡོད་པ་དེ་རེད། དེ་བས་རིམ་གྱིས་མིའི་རིགས་ཀྱི་བསམ་བློའི་འགུལ་སྤྱོད་དང་གཉའ་གནོན་གྱི་སྡུག་བསྔལ་ལས་འཐབ་འཁྲུག་སྣ་ཚོགས་བྱས་མཐར་གྲལ་རིམ་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས། དེ་མིན་མ་རྩ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སོགས་ལ་རྒོལ་ལན་དྲག་པོ་སློག་པས་ཕམ་ཉེས་བཏང་བ་རེད།                                          ཡིན་ནའང་དུས་རབས་ཉེར་གཅིག་པའི་ནང་འདིར་འཛམ་གླིང་ས་སྒང་རིལ་མོ་འདིའི་སྟེང་ན་བྲན་གཤིས་ཀྱི་བག་ཆགས་ཆེས་ཟབ་པ་ནི་བོད་དང་ཁ་ཆེ་བ་ཚོ་ཡིན་པ་རེད། ལྷག་པར་དུ་བོད་རང་ལ་མཚོན་ན་ལྟོས་ཚོད་ལ་ཕྱི་དངོས་ནས་ཡག་པ་འདྲ་ཞིག་འདུག་རུང་། དཔྱད་པ་ཞིབ་ཏུ་བཏང་ནས་བོད་སྤྱི་ཚོགས་ཀྱི་ནང་ལ་འཛུལ་ཚེ། བྲན་གཤིས་ཁོ་ནའི་འཚོ་བ་ལས་སྤྱི་ཚོགས་རིང་ལུགས་ཀྱི་འཚོ་བ་ཞིག་རྩ་བ་ནས་རོལ་ཐུབ་ཀིན་མི་འདུག ཐོག་མར་བོད་སྤྱི་ཚོགས་ཀྱི་བྲན་གཤིས་ལས་ཆོས་བྱེད་མི་སྣའི་སྐོར་ནས་ཉུང་ཙམ་གླེང་ན། སྤྱིར་ང་ཚོས་ཆོས་སྒྲུབ་པ་ནི་བསམ་པ་ལེགས་ཤོས་སུ་འགྲོ་ཐབས་དང་ཆོས་ཀྱི་བྱིན་རླབས་ཞུགས་ཆེད་དུ་ཡིན་མོད་ཀྱི། ཆོས་པ་འགའ་ཞིག་གིས་དད་ལྡན་དག་གི་བསམ་བློའི་འདུ་ཤེས་མ་རྟོགས་པར་ཁོ་རང་ཚོས་ང་ཚོར་གཉེན་བཀུར་དང་གུས་འདུད་ཕུན་སུམ་ཚོགས་པ་ཅིག་བྱེད་པ་ནི། རང་རྒྱུད་ཀྱི་ཡོན་ཏན་ལ་གུས་འདུད་བྱས་པ་ཡིན་པར་མ་ཤེས་པར་རང་ཉིད་ལ་ཕྱག་འཚལ་ཆོག་ཆོག་དང་ལྷག་པར་དུ་རང་ཉིད་ཀྱི་མངགས་བཀོད་ལ་ཉན་ཆོག་ཆོག་ཅིག་ཏུ་དངོས་བཟུང་ཡོད། རང་གཤིས་ངན་པ་དེའི་རྐྱེན་གྱིས་རྗེས་སུ་རང་གི་འདོད་པ་ལྟར་མ་སྒྲུབ་པ་ཅུང་ཙམ་རེ་བྱུང་བ་དང་། རང་གི་ལྟ་བ་དང་མི་མཐུན་པར་རང་ལ་ངག་ལན་ཅུང་ཙམ་རེ་གནང་བ་སོགས་ནི་མ་བཟོད་པར། ད་དུང་དད་པ་མེད་ལུགས་དང་མ་རབས་ཡིན་ལུགས་སོགས་ཀྱི་སྐད་ཆ་སྐྱུག་བྲོ་བོ་ཤེས་རབ་ཀྱིས་མ་ཟིན་པའི་གཏམ་ཡ་མ་ཟུང་སྣ་ཚོགས་ལབ་པ་ནི་ནག་ཉེས་དང་བསྟན་པར་གནོད་པའི་བྲན་གཤིས་ངན་པ་དེ་རེད། ནམ་རྒྱུན་ཡ་ཡ་དང་ལགས་ལགས་མང་པོ་བརྩེགས་པའི་རྐྱེན་གྱིས་རང་ཚོད་མ་ཟིན་པར་གཞན་པ་དེ་ནམ་ཡང་ཡ་ཡ་ལགས་ལགས་ཟེར་མཁན་ཡིན་ནོ་སྙམ་ནས་བྲན་གཤིས་ཀྱི་རང་བཞིན་ངན་པ་དེ་སེམས་སུ་འཇགས་པར་གྱུར་བས། ད་གཟོད་རང་ཉིད་ཆོས་པ་རྣལ་མ་ཞིག་དུ་མ་གྱུར་བ་རེད། དེ་ལྟར་ང་ཚོའི་སྤྱི་ཚོགས་སུ་འང་མི་དམངས་ནི་བླ་མ་དང་རབ་བྱུང་བའི་བྲན་དང་ཡང་ན་གང་ལ་བཀོལ་ནའང་བཀོལ་ཆོག་པའི་བསམ་བློ་འཇིགས་སུ་རུང་བ་ཞིག་བྱུང་འདུག་པས་ན། མི་དམངས་ཚོས་འང་ནང་བསྟན་དང་དཀོན་མཆོག་གི་ཁ་ངོར་བལྟས་ནས་བཟང་ངན་གྱི་དབྱེ་བ་མ་ཕྱེས་པར་ཅི་ལྟ་བཞིན་ཏུ་སྒྲུབ་པ་རེད་དོ། དེ་ནི་ང་ཚོའི་མི་རིགས་འདི་ལ་ཡོད་མི་འོས་ཤིང་སུ་དང་སུ་ཡིན་ནའང་སོ་སོས་རྟོགས་དགོས་པའི་གནད་གལ་ཆེན་ཞིག་རེད། དཔེར་ན་ང་ཚོའི་སེམས་སུ་ཉོན་མོངས་ཀྱི་དགྲ་བོ་དེ་ཞུགས་ཡུན་ཧ་ཅང་རིང་བས་དེ་ནི་རྒྱུན་ལྡན་འདྲ་ཞིག་ཏུ་དངོས་བཟུང་ནས་བྱ་བ་སྒྲུབ་གིན་ཡོད་པ་རེད། དེ་ནི་ཉོན་མོངས་ལ་འདྲིས་ལོབ་ཆེ་བས་རང་གཤིས་དང་ཧ་ཅང་ཐག་ཉེ་རུ་འདྲེས་པ་རེད། འོན་ཀྱང་རང་ཉིད་ཀྱིས་ནང་བསྟན་གྱི་བསམ་བློ་དང་ལྟ་བ་ལ་སློབ་སྦྱོང་བྱས་ནས་ཉོན་མོངས་དེ་དག་ལ་ངོ་རྒོལ་དང་སུན་འབྱིན་བྱས་ཚེ། རང་གཤིས་དང་ཉོན་མོངས་གཉིས་སོ་སོར་དབྱེ་རྒྱུ་ཡོད་པ་ལྟ་བུ་རེད།བྲན་གཤིས་ལྐོག་གྱུར་བ་དེའི་རྐྱེན་ལས་ང་ཚོའི་དཔལ་འབྱོར་དང་མི་རིགས་ཀྱི་འཕེལ་རྒྱས་ལ་ཧ་ཅང་གི་གྱོང་གུད་འབྱུང་གིན་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། དཔེར་ན་བླ་མ་གང་ཡང་རུང་བ་ཞིག་ལ་དད་པ་བྱས་པའི་རྗེས་སུ་བླ་མ་གཞན་ཞིག་ལ་དད་པ་བྱས་པ་ན། བླ་མ་གཅིག་ཏེ་མི་དགའ་བ་དང་རྗེས་སུ་དེ་ལ་ལྟ་ཚུལ་ལོག་པ་ལྟ་བུ་ནི། བྲན་བདག་དང་བྲན་གཤིས་ཀྱི་འབྲེལ་བ་ཁོ་ན་དེ་རེད། དེ་བས་དགེ་ལུགས་པ་ལ་དད་མཁན་ལས་གྲུབ་མཐའ་གཞན་ལ་སྡང་མཁན་དག་ནི་གྲུབ་མཐའ་དེའི་བྲན་གཡོག་རེད་ལ་ཁྱེད་ལ་གྲུབ་མཐའ་གཞན་པར་མཐུན་འབྲེལ་དང་དད་པ་བྱེད་པའི་རང་དབང་མེད་པ་རེད། དཔེ་དེ་བཞིན་དུ་གྲུབ་མཐའ་སོ་སོ་ནི་བྲན་བདག་དང་དེའི་རྗེས་འཇུག་སོ་སོ་ནི་བྲན་གཡོག་རེད་དོ། འདི་ལྟར་བྲན་བདག་དང་བྲན་གཡོག་གི་འདུ་ཤེས་ཏེ་ཧ་ཅང་དྲག་པའི་རྐྱེན་གྱིས་མཐུན་སྒྲིལ་མི་ཡོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་མེད་པ། གྲུབ་མཐའ་ཕན་ཚུན་དང་ཐ་ན་དགོན་པ་ཕན་ཚུན་གྱི་ལྷ་སྡེའི་བར་ནའང་ང་རྒྱལ་དང་ཕྲག་དོག་འགྲན་སེམས་སོགས་ཡོད་པ་རེད། དེ་དག་ནི་བྲན་བདག་ཚོའི་ངོ་སོ་ལས་གཞན་པའི་གང་ཡང་མ་རེད། དེས་ན་ང་ཚོས་ངེས་པར་དུ་གྲུབ་མཐའ་རིས་མེད་དང་བྲན་གཤིས་ཀྱི་ངོ་བོ་ལ་སུན་འབྱིན་བྱེད་དགོས། དེ་མིན་ནམ་རྒྱུན་བོད་ནི་རྒྱལ་ཕྲན་མང་པའི་རྒྱལ་ཁབ་བཞིན་དགོན་པ་རེ་དང་བླ་མ་རེ་བྱས་ནས་བསྡད་ན་ནི་ནམ་ཡང་ཡར་རྒྱས་དང་རེ་བ་མེད་པ་ནི་མངོན་གསལ་རེད། དེ་བས་ཁྱེད་བླ་མ་སྤྲུལ་སྐུ་དང་དགེ་བཤེས་རྟོགས་སད་པ་རྣམ་པས་དེའི་ཕྱོགས་ལ་བསམ་བློ་ནན་མོ་གཏོང་དགོས་ས་རེད་འདུག དེ་བས་བྲན་གཤིས་ཀྱི་ངན་གོམ་དེས་འབག་བཙོག་བྱས་པའི་བོད་མི་རིགས་འདི་ད་ནི་བྲན་གཤིས་ལས་རྒྱལ་ཞིང་ཀུན་མཐུན་གྱི་ལམ་བུ་རུ་མྱུར་དུ་སྐྱོད་པར་བྱེད་དགོས་སོ།། ༢༠༡༥-ཧོར་ཟླ་༩-༢༧


 

ཆེས་གསར་བའི་དྲི་བ། ཟླ 9 14 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...