འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

འདེམ་ཤོག 0

༄༅།།སྐོར་ལོག་མ་བཤད།  དུང་ཡོན་གྱིས།                                                             


སྐབས་འགར་ང་རང་ཟ་ཁང་དུ་སོང་ནས་གཞན་ལ་ཕན་པ་དང་སྟབས་བདེ་བའི་ཆེད་དུ་རྒྱ་སྐད་ད་མ་དུག་རེ་བཤད་ཁུལ་བྱས་མོད་ཞབས་ཞུ་བ་དང་སྦྱིན་བདག་སོགས་ཁྲེལ་དགོད་བྱས་པ་དང་མིག་གིས་ཅེར་ནས་ཧད་པ་ཐེངས་གཅིག་གཉིས་ཤིག་རྩ་བ་ནས་མིན།  ཡང་བོད་རང་ས་རང་ཡུལ་ནས་ཁ་ཆེ་དང་རྒྱ་ནག་པ་ཚོར་བོད་སྐད་རྐྱང་བས་གོ་བརྡ་སྤྲད་ན་རྣམ་འགྱུར་དེ་ལས་ཀྱང་ལྡབ་འགྱུར་གྱིས་བཙོག་པ་སྟེ།  ཁོ་ཚོའི་བཟོ་ལྟར་བལྟས་ན་ང་ཚོས་བཤད་པའི་སྐད་ཆ་དེས་གནམ་རྡིབ་ཏུ་བཅུག་པ་མིན་ནམ་སྙམ་པ་ལྟ་བུའི་ཚོར་སྣང་སྐྱེས་སུ་འཇུག  ཁྲེལ་དགོད་ཅུང་ཙམ་རེ་དང་མིག་གིས་ཅུང་ཙམ་རེ་ཅེར་བ་ནི་དོན་ཆུང་སྟེ།  བོད་སྐད་དེ་ཁོ་ཚོའི་རྣར་སོང་མ་ཐག་སྐྱག་དྲི་ཚོར་བ་ལྟར་ཁ་རྣའི་བར་གྱི་མཐོང་ཆུང་གི་རྣམ་འགྱུར་ནི་དེ་ལས་ཀྱང་སྙིང་ལངས་པ་ཞིག་ཡིན།  བར་བར་ལ་རང་གི་སྐད་ཆ་དེར་ཡང་རིན་ཐང་མི་འདུག་པ་ཡིན་ནམ།  ཡང་ན་ཅི་ཡིན་སྙམ་ནས་བོད་སྐད་ཡིག་གི་མདུན་ལམ་ཉག་ཕྲ་བ།  ཐ་ན་ཤེས་ནུས་འཇོན་གསུམ་གང་ཡང་མེད་པའི་ཟ་ཁང་དང་སྲང་ལམ་གྱི་རྒྱ་མ་བོད་དེ་དག་གིས་ཀྱང་འདི་འདྲའི་སྡང་མིག་བགྲད་པས་ན།  ད་གཟོད་བོད་རང་གི་སྐད་ཡིག་ལ་དགྲ་མང་ལ་གྲོགས་ཉུང་བ།  གནོད་འདྲེ་མང་ལ་མཐུན་རྐྱེན་ཉུང་བ་སོགས་དྲན་ནས་སྐབས་སྐབས་སུ་ཟ་མ་ལྟོ་བར་མ་སོང་བར་ཕྱིར་ལོག་ནས་སྐྱོ་བ་བསང་ཕྱིར་བཙན་གྱིས་གཉིད་པའང་ཐེངས་ཉུང་ཉུང་ཞིག་མིན།                                  

 

ཉིན་ཞིག་ངའི་ཕུ་བོ་ཞིག་དང་མཉམ་དུ་ཟ་ཁང་ཞིག་ཏུ་སོང་ལ། ཟ་ཁང་གི་སྒོ་བྱང་སྟེང་བོད་ཡིག་ཅུང་ཙམ་སྤུས་ལེགས་བློར་འབབ་པ་ཞིག་བྲིས་འདུག  ངས་ཞབས་ཞུ་བར་བོད་སྐད་ཀྱིས་གོ་བརྡ་སྤྲད་དེ་ཟ་མ་འགའ་བཤད་པ་ཡིན།  འོ་རེད་རེད་ཏག་ཏག་ཞབས་ཞུ་བ་ཚོས་བོད་ལྭའང་གཙང་མ་རེ་གོན་འདུག  འོན་ཀྱང་ངས་བཤད་པ་ཚང་མ་གཅིག་ཀྱང་གོ་བཞིན་མེད་པ་འདྲ།  ཞབས་ཞུ་ཚོའི་རྣམ་འགྱུར་དམིགས་གསལ་གྱིས་མི་ལེགས་པ་གང་ཡང་མེད་མོད།  ཕུ་བོའི་རྣམ་འགྱུར་དེ་འདྲའི་ལེགས་པོ་ཞིག་མ་རེད།  ཕུ་བོའི་རྣམ་འགྱུར་མི་ལེགས་ས་དེ་གཞན་མ་ཡིན་པར་ང་རང་གི་སྟེང་ལ་རེད་འདུག   ཕུ་བོས་མྱུར་དུ་ང་ལ་བཤད་རྒྱུ།  འེ་འེ།  སྐོར་ལོག་མ་བཤད་ཡ་ཟེར།  ཚིག་དེ་ངའི་རྣ་བའི་བུ་ག་བརྒྱུད་དེ་དམར་ཆུང་སེམས་སུ་ལྗིད་ཏིག་གེར་བབས་སོང་།   ཕུ་བོས་རྒྱ་སྐད་ཀྱི་ལམ་ནས་ཟ་མ་འགའ་བཤད་བཞིན་འདུག་མོད།  ང་ནི་ཟ་མས་བརྒྱགས་མ་དགོས་པར་སྐོར་ལོག་མ་བཤད་ཅེས་པའི་ཚིག་དེས་བརྒྱགས་སུ་བཅུག་འདུག  ཡིན་ནའང་ཕུ་བོ་བོད་སྐད་ཡིག་ལ་མ་དགའ་བས་མིན་མོད་ཁོར་ཡུག་གི་དབང་གིས་ཁོའི་ལུས་སེམས་གཉིས་ཀ་དཀྲུགས་ནས་ཚར་འདུག  སྐབས་དེར་ངའི་ཡིད་ལ་འགོག་མེད་དུ་དྲན་འོངས་པ་ནི།  སྒོ་བྱང་དེ་གལ་ཆེ་མོད་དེ་ལ་བསླུ་བྲིད་ཀྱི་སྣང་ཆ་ཅུང་ཙམ་འདུག   བོད་ལྭ་དེ་རང་སྲོལ་ཡིན་མོད་གཟིག་ལྤགས་བཀ་བའི་བོང་བུ་བཞིན་རེད་འདུག  དོན་ངོ་མའི་བསླུ་བ་མེད་པ་ནི་སྐད་ཡིག་ངེས་པར་བྱེད་རྒྱུ་དེ་ལས་གཞན་མེད་པ་གསལ་བོར་རྟོགས་མོད།  དོན་དེ་འགྲུབ་དགོས་ན་ཐོག་མར་སྤུན་ཟླ་མི་རིགས་ཀྱི་སེམས་གཤག་བཅོས་བྱེད་རྒྱུ་ལས་གལ་ཆེ་བ་ཞིག་མེད་པའང་རྡོ་བརྐོས་རི་མོ་བཞིན་སེམས་ལ་འཇགས་སུ་བཅུག                                            

 

གཞན་གྱིས་བལྟས་ཚོད་ལ་བདག་ནི་ལྟོ་བ་བརྒྱགས་ལུས་དྲོ།  རྐང་བ་གཉིས་བཙུགས་ཏེ་གཞན་དང་ཁྱད་མེད་པར་འཚོ་བ་རོལ་ཏེ་ལོ་ཟླ་ཟད་བཞིན་འདུག་མོད།  བསམ་བློ་ཞིབ་ཏུ་བཏང་ཚེ་ང་ནི་བློ་སྙིང་མཆིན་གསུམ་མེད་པའི་གསོན་འདྲེ་ཞིག་དང་ཁྱད་པར་ཅི་ཡང་མི་འདུག  བདག་ནི་བླ་སྲོག་གི་གཟུངས་བཞུགས་མེད་པའི་བེམ་པོ་རོ་ལངས་ཤིག་ལས་ཅི་ཡང་མ་རེད།  ང་ནི་ངོ་མ་གཞན་དང་འགྲན་ཐབས་མི་འདུག  གཞན་ལ་གསེར་ཁང་དངུལ་ཁང་ཡོད་ན་བདག་ཧེབ་མི་ལངས།  གཞན་ལ་ཤོག་དངུལ་བགྲང་མེད་ཡོད་རུང་བདག་ཧ་མི་ལས།  གཞན་ལ་རླངས་འཁོར་ཇི་འདྲ་ཡོད་རུང་བདག་ཡིད་སྨོན་མི་འཆོར།  གཞན་གྱི་ཕ་སྐད་མ་ཡིག་གི་མཛད་འཕྲིན་རིག་ན་བདག་ཡིད་སྨོན་སྐྱེས་ཀི  གཞན་གྱིས་རང་སྐད་རང་ཡིག་གཅེས་ཚུལ་དེ་དྲན་ན་བདག་ཧབ་ལངས་ཀི།  དེ་བས་གཞན་ནི་བླ་སྲོག་ལ་གས་ཆགས་མེད་པར་ཁེར་ཚུགས་སུ་ལངས་བའི་མི་གསོན་པོ་རེད་ལ།  ང་ཚོ་ནི་ལྷ་འདྲེའི་རྨོངས་དད་ལ་འཐིམ་པའི་མི་ཡི་གཟུགས་བརྙན་ཙམ་པོའོ།།    ༢༠༡༨-༡༡-༡༨


 

ཆེས་གསར་བའི་དྲི་བ། ཟླ 11 18, 2018 རིགས་གྲས།:རྩོམ་འབྲིའི་སྟེགས་བུ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,673 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...