འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 10 16, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 2 11, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གསལ་བརྡ་གལ་ཆེན། བདུད་བྷེའི་ནད་གཞི་ལ་ཁ་གཡར་ནས་དྲ་ཐོག་ན་སྒོར་མོ་བསྡུ་རུབ་བྱེད་པ་རྫུན་ཡིན་པས་ཚང་མས་བརྒྱུད་བསྐུར་བྱེད་རོགས།

འདེམ་ཤོག 0

བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཟབ་པའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། ཉེ་ཆར་བོད་ཀྱི་རྡུང་ལེན་པ་གྲགས་ཅན་བདུད་བྷེའམ་གངས་ལྗོངས་ཁུ་བྱུག་སྔོན་མོ་ལགས་ལ་མི་འདོད་ནད་ཀྱིས་མནར་ནས་སྨན་ཁང་དུ་བསྡད་ཡོད་པའི་སྐབས་དང་བསྟུན་ནས་ཉེ་འཁོར་གྱི་མིའམ་ཡང་ན་ཁོ་ལ་ཤ་ཚ་མདོག་སྟོན་མཁས་འགས་དྲ་ལམ་ཁག་ཏུ་གླུ་བ་ཁོང་གི་པར་དང་བརྙན་སོགས་བསྐུར་ནས་རོགས་སྐྱོར་མཁོ་རབས་མང་བོ་བཤད་ཡོད།

འོན་ཀྱང་ངས་འདི་ནས་ཚིག་ཐག་ཆོད་པའི་སྒོ་ནས་རྣམ་པ་ཚོར་ཞུ་རྒྱུ་ནི། བདུད་བྷེ་ཁོང་སྨན་ཁང་དུ་ཡོད་པ་བདེན་པ་རེད། འོན་ཀྱང་རོགས་སྐྱོར་སོགས་དགོས་པའི་དྲ་ལམ་ཁག་གི་སྐད་ཆ་ལ་ལ་སྐྱག་རྫུན་ཁོ་ན་རེད། བདུད་བྷེ་ཁོང་གིས་དོན་དག་དེ་འདྲ་ཡོད་པ་རྩ་བ་ནས་ཤེས་མེད་པ་མ་ཟད། ཁོང་ལ་དོན་དེ་དག་བཤད་སྐབས་ཁོང་གིས་ཁོ་སྨན་ཁང་དུ་ཡོད་པ་བདེན་མོད། བོད་རིགས་མི་དམངས་དང་གྲོགས་པོ་ཚོ་ལ་དེ་འདྲ་བའི་དཀའ་ལས་གཏོད་དགོས་པའི་བསམ་པ་ཙམ་ཡང་མེད་ཅེས་བཤད་བྱུང་། རྒྱུ་མཚན་ག་རེ་ཡིན་ཟེར་ན་བདག་གི་གྲོགས་པོ་ལྕགས་ཀྱུའམ་སྟོང་བསམ་གཏན་ལགས་ཀྱིས་བདུད་བྷེའི་བུ་ཚེ་དཔག་རྣམ་རྒྱལ་ལ་འདིའི་ཕྱོགས་ནས་ཁ་བརྡ་གསལ་བོ་ཞིག་བྱས་ཡོད་པ་དེ། དེ་དགོང་བདག་ལ་དངོས་སུ་བཤད་བྱུང་བས་བོད་མི་མང་བོ་ཞིག་ལ་མགོ་སྐོར་བཏང་འུདག་བསམ་ནས་འཕྲལ་དུ་ཡི་གེ་ཕབས་དེ་དྲ་ལམ་དུ་བཀོད་པ་ཡིན། སྤྱིར་རྣམ་པ་ཚོས་བདུད་བྷེ་ལགས་ལ་རོགས་སྐྱོར་བྱེད་འདོད་མི་འདོད་དེ་མི་སྒེར་སོ་སོའི་དོན་དག་རེད། འོན་ཀྱང་དྲ་ལམ་ཁག་ཏུ་བསྐུར་བཞིན་པའི་དངུལ་བྱང་དང་འབྲེལ་ལམ་འགའ་རེ་རྫུན་བཟོ་ཡིན་པ་ཤེས་གལ་ཆེ་སྙམ་བྱུང་། འདིའི་ཕྱོགས་ནས་རྣམ་པ་ཚོའི་ཐུགས་དང་འགལ་བ་བཟོས་ཡོད་ན་དགོངས་དག

ད་དུང་གསལ་བོ་མ་རེད་འདོད་པ་དང་དེ་ལས་ཀྱང་གསལ་བོ་ཤེས་འདོད་ན་བདུད་བྷེའི་བུ་ཚེ་དཔག་རྣམ་རྒྱལ་དང་སྟོང་བསམ་གཏན་གཉིས་ལ་དྲིས་ན་གསལ་བོ་ཤེས་ངེས་ཡིན།

ཚེ་དཔག་རྣམ་རྒྱལ། 151-0146-8686

སྟོང་བསམ་གཏན། 133-2124-6622

༢༠༡༦ལོའི་ཟླ་༡པོའི་ཚེས་༢༩ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་རྫ་ཤུལ་བཀྲ་ཤིས་རྒྱ་མཚོས། 


ཆེས་གསར་བའི་དྲི་བ། ཟླ 1 30, 2016 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
བཟོ་བཅོས་བྱེད་དུས ཟླ 1 30, 2016 སྤྱོད་མཁན།:གླིང་སྟག་ཕྲུག
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...