འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 10 16, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 2 11, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བྲག་དཀར་སྤྲེལ་རྫོང་དགོན་གྱི་གསལ་བསྒྲགས།

འདེམ་ཤོག 0
   ༄༅།།བོད་རབ་བྱུང་བཅུ་བདུན་པ་མེ་ཕོ་སྤྲེལ་གྱི་ལོ་ནི་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་སྐོར་གྱི་ལོ་ཡིན་པ་དང་། གནས་སྐོར་དང་འབྲེལ་ནས་མགོ་གཡོག་མགོ་སྐོར་དང་། ཁོར་ཡུག་འབག་བཙོག ཟས་རིགས་སོགས་བདེ་འཇགས་མིན་པའི་གནད་དོན་མི་འབྱུང་བའི་ཆེད་དུ། ངེད་སྤྲེལ་རྫོང་དགོན་གཞུང་གིས་གཤམ་གྱི་དོན་ཚན་ཁག་བཞི་གསལ་བསྒྲགས་བྱས་པར་ཚང་མས་དོ་སྣང་མཛད་རོགས།

                      གཅིག  

    གནས་རིའི་གནས་སྒོ་རྣམས་དང་དགོན་པའི་འདུ་ཁང་སོགས་སུ་མཇལ་བར་འཛིན་བྱང་ཅི་ཡང་འཚོང་བཞིན་མེད་པ་དང་། སྒོ་ཁྲལ་ལམ་ཁྲལ་དངུལ་ཅི་ཡང་ལེན་གྱིན་མེད། གནས་སྒོ་མཆོད་མེ་འཇོག་སར་མཆོད་མེ་ཉོ་ཚོང་བྱེད་ནའང་། དགོན་པའི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་སྒྲིག་ལམ་དང་གཅིག་མཐུན་ཡིན་པ་ལས་མཆོད་མེ་བཙན་གྱིས་ཉོ་རུ་འཇུག་པ་སོགས་བྱེད་མི་ཆོག  ཚོང་ཁང་དང་ཟ་ཁང་སོགས་ཀྱིས་ཀྱང་དུས་ཡུན་ཚད་བརྒལ་གྱི་ཚོང་རྫས་བཀོལ་མི་ཆོག་ལ་མིའི་འཕྲོད་བསྟེན་དང་བདེ་འཇགས་ལ་གནོད་པའི་དུ་ཆང་སོགས་དེ་བས་ཀྱང་བཙོང་མི་ཆོག  ཟ་ཁང་གིས་ཀྱང་ཟོས་ཐོའི་སྟེང་གི་ཟ་མའི་རིན་གོང་ཚད་ལྡན་ཡིན་དགོས་པ་དང་། ཟ་ཁང་ཚང་མས་དད་ལྡན་པར་ཆུ་ཁོལ་རིན་མེད་དུ་འབུལ་བའི་ཞབས་ཞུ་བསྒྲུབ་དགོས།


                  གཉིས་པ།

དད་ལྡན་མཇལ་བ་རྣམ་པར་ངེས་དགོས་པ་ཞིག་ལ་རྫོང་དང་དགོན་པའི་བར་ཐག་ལ་སྤྱི་ལེ་སུམ་བཅུ་མ་གཏོགས་མེད་ལ་སྐྱེལ་འདྲེན་ཁ་ལོ་བས་ཀྱང་དེ་དང་འཚམ་པའི་གླ་ཆ་ལེན་པ་ལས་ལྡབ་འགྱུར་གྱིས་བླང་མི་ཆོག་པ་མ་ཟད་འགྲུལ་བའི་བདེ་འཇགས་རང་ཉིད་ཀྱི་འགན་ཁུར་དགོས།འགྲུལ་བའི་རླངས་འཁོརདགོན་པས་གོ་སྒྲིག་མི་སྣས་བཀོད་འདོམས་ལྟར་འཇོག་དགོས་ལ། རླངས་འཁོར་འཇོག་གླ་སྒོར་གཅིག་ཀྱང་ལེན་གྱིན་མེད། གལ་ཏེ་ཆུ་ཁོལ་ལ་རིན་ལེན་པ་དང་། མཆོད་མེ་སོགས་བཙན་གྱིས་ཉོ་རུ་འཇུག་པ་རླངས་འཁོར་གླ་ལྡབ་འགྱུར་ལེན་པ་རླངས་འཁོར་འཇོག་སར་སྒོར་ལེན་པ་སོགས་ཚུལ་མཐུན་མིན་པའི་ཚོང་ལས་བྱེད་མཁན་ཡོད་ཚེ་མགོ་སྐོར་གཏོང་མཁན་ཡིན་པས། མི་དེ་དག་བདེན་དཔང་དང་བཅས་དགོན་གཞུང་ལ་གཏུག་ན་དགོན་གཞུང་གིས་ཐག་གཅོད་བྱེད་ངེས་ཡིན། 

                     གསུམ་པ།

      དད་ལྡན་པ་སུ་ཞིག་གིས་དགོན་པའི་གཞུང་ལ་འབྲེལ་འཇོག་བྱེད་འདོད་ན། དགེ་བསྐོས་དང་དགོན་གཞུང་གི་སྐྱབས་རྟེན་ཁང་གང་རུང་ལ་འབྲེལ་འཇོག་བྱེད་དགོས་ཤིང་། དེ་ན་འབྱོར་ལན་ཐམ་འབྱར་མ་དང་བཅས་པ་ཡོད། དེ་ལས་གཞན་མི་སུ་ཞིག་ལ་འབྲེལ་འཇོག་བྱས་ཀྱང་དགོན་པ་གཞུང་ལ་འབྲེལ་འཇོག་བྱས་པ་མིན་པས། དགོན་གཞུང་ལ་འབྲེལ་འཇོག་བྱེད་འདོད་མཁན་གྱི་དད་ལྡན་པ་ཚོས་དོན་དེར་དོ་སྣང་མཛད་རོགས།
                    བཞི་པ། 

      དད་ལྡན་མཇལ་བ་རྣམ་པས་གནས་རིའི་ཁོར་ཡུག་ཁག་དང་། གནས་སྒོའི་བྲག་ཁུང་ཁག་ཏུ་གཏེར་ཁུག་གང་བྱུང་དུ་འབུལ་མི་ཆོག་པ་དང་། གནས་རིའི་བྲག་ངོས་ལ་མ་ཎི་བརྐོ་བ་དང་མཐའ་སྐོར་ཤིང་ལམ་གྱི་གཡས་གཡོན་དང་ཤིང་སྡོང་སོགས་ཀྱི་སྟེང་ཁ་བཏགས་དང་དར་ལྕོག་སོགས་གང་འདོད་དུ་བཏགས་མི་ཆོག  དར་ལྕོག་འདོགས་དགོས་ཚེ་ངེས་པར་དུ་དར་ཤིང་སྟེང་འདོགས་དགོས། འཚོ་རྟེན་ལས་བྱུང་བའི་གད་སྙིགས་ལ་རང་ཉིད་ཀྱིས་དོ་དམ་ཡག་པོ་བྱེད་དགོས། གནས་རིའི་སྟེང་གི་རང་བྱོན་དག་ལ་མཆོད་མཇལ་བྱེད་པ་ལས། དེ་ལ་གཏོར་བརླག་གཏོང་མི་ཆོག་པར་མ་ཟད། གནས་ཤུག་དང་གཏེར་ས་དེ་བས་ཀྱང་བླངས་མི་ཆོག  སུ་ཞིག་གོང་གི་གསལ་བསྒྲགས་ཀྱི་ནང་དོན་དང་འགལ་ན་ངེད་སྤྲེལ་རྫོང་དགོན་གཞུང་གིས་གནས་ཚུལ་ལ་དམིགས་ནས་ཐག་གཅོད་བྱེད་ངེས་ཡིན།
ཆེས་གསར་བའི་དྲི་བ། ཟླ 2 16, 2016 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...