འབྲེལ་ཡོད་དྲི་བ།

འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 10 16, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
འདེམ་ཤོག 0
དྲིས་ལན 0
ཆེས་གསར་བའི་དྲི་བ། ཟླ 2 11, 2017 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

བདུད་བྷེར་ཞབས་ཞུས་མ་དངུལ་བགོ་རྩིས་སྤྱི་བསྒྲག

འདེམ་ཤོག 0
ཞབས་ཞུ་ཚན་ཆུང་གིས་གདུ་བྷེར་རོགས་དངུལ་ཐོན་ཚད་སྔོན་བཀོལ་ད་གཏོང་གི་གསར་འགྱུར།                         
 
ཁོང་གི་བཟའ་ཟླ་མཁའ་འགྲོ་སོགས་གདུ་བྷེའི་ནང་མི་དང་གདུ་བྷེར་ཞབས་ཞུ་ཚན་ཆུང་གི་མི་རྣམས་གྲོས་མཐུན་ལྟར་སྨན་ཡོན་ལྷག་མ་བགོ་བྱ་སོགས་ཐག་གཅོད་བྱས་པ་འདི་ལྟར།
བོད་ཀྱི་མཁན་སྤྲུལ་གྲྭ་སེར་མི་སྐྱ་ཕོ་མོ་ཀུན་གྱིས་གདུ་བྷེ་ལ་རོགས་དངུལ་དམངས་སྒོར་404450ཁྲི་བཞི་བཅུ་དང་སྟོང་བཞི། བཞི་བརྒྱ། ལྔ་བཅུ་ཡོད་པ་ལས།སྨན་ཡོན་ལ་སྒོར་115000ཁྲི་བཅུ་གཅིག་དང་སྟོང་ལྔ་བཏང་ཟིན།
ད་ལྟ་ལྷག་གྲངས་སྒོར་289450ཁྲི་ཉེར་བརྒྱད་དང་སྟོང་དགུ།བཞི་བརྒྱ། ལྔ་བཅུ་ཡོད།
བླ་བྲང་ནས་ཕྱོགས་ཡོངས་ཀྱིས་༼མཆོད་ཐེབས་༽ལྟ་བྱེད་ཐོན་པ་ལ་སྒོར་62000ཁྲི་དྲུག་དང་སྟོང་གཉིས་བཅས་ལྷག་དངུལ་འདི་དག་བགོ་རྩིས་བྱེད་སྟངས་འདི་ལྟར་རོ།།
 
༡ ༽རྒྱལ་ཁབ་ཀྱི་སྨན་ཡོན་ཕྱིར་འབབ་དང་འདས་པོར་རྒྱལ་ཁབ་ཀྱི་འགྲོ་ལུགས་སོགས་ཡོང་འབབ་ཡོད་ཚད་གང་དུ་བཀོལ་བ་དང་ཅི་ཞིག་བསྒྲུབ་པ་སོགས་བཟའ་ཟླ་མཁའ་འགྲོར་རྩ་ཁྲིམས་ཀྱི་ཁེ་དབང་ཡོད་པས་ཅི་དང་གང་བྱེད་མོ་རང་ལ་གཏད་ཡོད།
 
༢ ༽སྨན་ཡོན་ལྷག་མ་ལས་གདུ་བྷེའི་བུ་མོ་ལོ་བཅུ་དྲུག་ཅན་ཚེ་རིང་སྒྲོལ་མ་ལ་བགོ་སྐལ་ཅུང་ཙམ་བཞག་ཡོད།
 
༣ ༽མ་འོངས་པར་གདུ་བྷེའི་རྡུང་ལེན་སྒྱུ་རྩལ་ཐེབས་རྩ་ཞིག་འཛུག་ཐུབ་པའི་ཆེད་དུ་རེ་ནས་སྒོར་ཁྲི་གཅིག་བཞག་ཡོད།
 
༤ ༽ཇོ་བོར་ལུས་གསེར་དང་ལྷ་སའི་སེ་འབྲས་དགེ་གསུམ།པོ་ཏཱ་ལ་སོགས་ལ་བསྔོ་རྟེན་བཞག་ཡོད།
 
༥ ༽གདུ་བྷེའི་ཡུལ་བ་རྨ་ཆུ་རུ་ཞེ་དགུ་འདེད་བྱེད་ཀྱི་ཁ་སྣོན་ལ་བཞག་ཡོད།
 
༦ ༽བཟའ་ཟླ་མཁའ་འགྲོའི་ཡུལ་བ་ལ་ཞེ་དགུ་འདེད་བྱེད་ཀྱི་ཁ་སྣོན་བཞག་ཡོད།
 
༧ ༽བླ་བྲང་དགོན་པར་བསྔོ་རྟེན་ཅུང་ཆེ་ཙམ་བཞག་ཡོད།
 
༨ ༽གསེར་རྟ་བླ་རུང་སྒར་ལ་བསྔོ་རྟེན་ཅུང་ཆེ་ཙམ་བཞག་ཡོད།
 
༩ ༽རིས་མེད་དགོན་ཁག་ཆེན་པོ་བརྒྱ་ལ་བསྔོ་རྟེན་བཞག་ཡོད།
 
༡༠ ༽རིས་མེད་ཀྱི་སྐྱེས་ཆེན་བླ་སྤྲུལ་མཁན་གསུམ་བརྒྱ་ལ་བསྔོ་རྟེན་བཞག་ཡོད།
 
༡༡ ༽གདུ་བྷེའི་ཕ་ཡུལ་གྱི་མཚན་སྒྲོགས་དགོན་ལ་བསྔོ་རྟེན་ཅུང་ཆེ་ཙམ་ཕུལ་ཡོད།
 
༡༢ ༽གདུ་བྷེའི་ཕ་ཡུལ་གྱི་ཞལ་ཤུལ་དགོན་ལ་བསྔོ་རྟེན་ཅུང་ཆེ་ཙམ་ཕུལ་ཡོད།
 
༡༣ ༽བཟའ་ཟླ་མཁའ་འགྲོའི་ཕ་ཡུལ་རྡོ་དཀར་དགོན་ལ་བསྔོ་རྟེན་ཅུང་ཆེ་ཙམ་ཕུལ་ཡོད།
 
༡༤ ༽གདུ་བྷེའི་ཨ་མ་ལོ་བརྒྱད་ཅུ་ཅན་ལ་སྒོར་ཁྲི་གཅིག་བཞག་ཡོད།
 
༡༥ ཁྱིམ་ཁག་གཉིས་པོར་སྐྱེས་ལྷ་ཐུགས་རྗེ་ཆེན་པོའི་གསེར་སྐུ་གཉིས་བླུས་ཡོད།
 
འདི་ལྟར་དེ་རིང་ནས་ཁོང་གི་ནུ་བོ་ཚེ་རིང་དོན་གྲུབ་དང་གདུ་བྷེའི་བཟའ་ཟླ་མཁའ་འགྲོ་སོགས་ཕྱོགས་ཡོངས་ལ་ཁ་མཐུན་གྲོས་མཐུན་གྱིས་རྩིས་སྤྲད་དེ་ང་ཚོས་ལག་ཏུ་སྐར་གང་ཡང་མ་ལུས་པར་ཁོ་ཚོ་ལ་བགོ་བྱ་སོགས་ལེགས་པོར་གྲུབ་ཟིན་ཅིང་།ཕྱིན་ཆད་འདིའི་ཕྱོགས་ནས་མི་མཐུན་པའི་གླེང་བྱ་ཅི་ཡང་མེད་པར་ཕྱོགས་གཉིས་ཀར་ཁྱོད་འགྲིག་ང་མཐུན་གྱིས་ལམ་ནས་ཡིད་འཐད་བྱུང་།
 
ཕན་ཚུན་ཡུལ་བ་གཉིས་ཀར་ཉེ་འབྲེལ་དང་ཚོ་བའི་ཆོས་སྒྲུབ་དགེ་ལས་བྱེད་ཆེད་དུ་སྒོར་ཅི་འབྱོར་དེ་ཞེ་དགུ་འདེད་བྱེད་ཀྱི་མ་དངུལ་དང་ཆོས་ཕྱོགས་སུ་ཅི་འབད་ཁྱིམ་མི་རང་ཉིད་ལ་རག་ལས་སོ།།
 
གདུ་བྷེ་ཁོང་སྨན་ཁང་དུ་བཞུགས་དུས་སུ་གསུངས་དོན།ང་ལ་རང་མི་རིགས་འདིས་དཔལ་འབྱོར་གྱི་རོགས་རམ་དང་ལྷག་བསམ་དཀར་པོས་རྒྱབ་སྐྱོར་གནང་བ་འདི་ངས་དུས་གཏན་དུ་བརྗེད་མི་སྲིད་ཅེས་ཡང་ནས་ཡང་དུ་གསུངས་སོང་ལ།ད་ལྟ་ཁོང་གཤེགས་ཤུལ་ཏུ་ངེད་གདུ་བྷེ་ཞབས་ཞུ་ཚན་ཆུང་གིས་ཁོང་གིས་ཚབ་བྱེད་ཀྱིན། བོད་ཀྱི་བླ་སྤྲུལ་མཁན་གསུམ།ཚོང་ལས་པ་དང་ལས་བྱེད་མི་སྣ། གླུ་བ་གླུ་མ་དང་རྡུང་ལེན་པ་སོགས་སྒྱུ་རྩལ་ལས་རིགས་ཁག  མི་སེར་སོགས་རྒན་གཞོན་མེད་པར་གདུ་བྷེ་ཁོང་ཤི་གསོན་གཉིས་ཀའི་རིང་ལ་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་མི་དམན་པ་མཛད་ཡོད་པས།ང་ཚོས་སེམས་པའི་གཏིང་དང་ཡིད་ཀྱི་ཟབ་ས་ནས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལགས།
 
ཚན་ཆུང་མི་སྣ་རྡོ་རྗེ་དལ་མོ། ཚེ་ཕྲུག  ཡེ་ཤེས་བཟང་པོ། རྡོ་རྗེ་དོན་འགྲུབ། སྤྲོས་པ། འཇམ་དབྱངས་བློ་གྲོས།ཀུན་དགའ། བདེ་མཆོག་སྐྱབས། བློ་ཚེ་བཅས་ཡིན།
 
ངེད་གདུ་བྷེ་ཞབས་ཞུ་ཚན་ཆུང་གིས་ལས་དོན་འདིའི་མགོ་ནས་མཇུག་བར་དུ་གནམ་གྲུའི་འཛིན་བྱང་སོགས་འགྲོ་གྲོན་ཡོངས་རྫོགས་མི་སྒེར་རང་གིས་བཏང་བ་ལས་རོགས་དངུལ་ལས་སྐར་གང་ཡང་བཀོལ་སྤྱོད་བྱས་མེད།
 
2016.3.2ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཞབས་ཞུ་ཚན་ཆུང་གིས།
ཆེས་གསར་བའི་དྲི་བ། ཟླ 3 5, 2016 རིགས་གྲས།:བརྡ་ཁྱབ། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...